དྲ་ཐོག་ཐད་གཏོང་བྱས། དངོས་ཟོག་བྲིན་ཁ་རྒྱུག
ཟླ་12ཚེས་20ཉིན། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང“ལྷ་སའི་ཅ་ལག་ཡག་པོ·དྲ་ཐོག་ནས་ཐད་གཏོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོང་དྲ་ཚོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་འཚོགས་པ་རེད། དུས་འགོའི་འགྲན་བསྡུར་གྱི་གདམ་གསེས་དང་། འགྲན་བསྡུར་སྔོན་གྱི་བརྟག་ཞིབ་སློབ་སྦྱོང་། གཅིག་སྡུད་སྤེལ་རེས་བཅས་བརྒྱུད། འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་20གར་སྟེགས་གཅིག་ཏུ་འཛོམས་ནས་འགྲན་བསྡུར་བྱས་པ་རེད། ཐད་གཏོང་གི་དངོས་འཐབ་འགྲན་བསྡུར་བརྒྱུད་ཐད་གཏོང་དྲ་ཚོང་གི་ནུས་པ་དང་ལྷ་སའི་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་གཅིག་སྡུད་ཐོག་ངོམ་སྟོན་བྱས་པ་དང་། དུས་ཡུན་ཉིན་16རིང་གི་འགྲན་བསྡུར་ཆེན་པོ་ལེགས་གྲུབ་བྱུང་ཡོད། འགྲན་བསྡུར་བྱེད་རིང་ཐོག་མའི་འགྲན་བསྡུར་དང་མཐའ་བསྡུར་བརྒྱུད་རིམ་རྩིས་བརྒྱབ་ན་བྲིན་ཚོང་བྱས་པའི་དངོས་ཟོག་གི་ཡོང་འབབ་སྒོར་ཁྲི་861ལྷག་ཙམ་ཟིན་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཐད་གཏོང་དྲ་ཚོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་མཐའ་བསྡུར་ནང་ཞུགས་པའི་བདམས་ཐོན་པས་ཐད་གཏོང་བརྒྱུད་དངོས་ཟོག་ཚོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།