དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་འགན་ལེན་ནུས་ལྡན་བྱས་པར་བརྟེན། ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཅིང་། དེའི་ནང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་10%ཡན་རྒྱུན་འཁྱོངས་ཐུབ་པ་དང་ཁྲོམ་ར་ཅན་གྱི་ལས་ཞུགས་ཐུབ་ཚད་70%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོར་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྔོན་དཔག་བརྟན་པོ་བཅས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་འགན་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལ་དམིགས་ནས། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འཆར་གཞི་དང་གཞི་རིམ་འཚར་ལོངས་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “གཞུང་གི་ལས་གནས་སུ་ལས་ཞུགས་དང་། ཁྲོམ་རར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་མོས་ལས་འདེམས”བཅས་སྣ་མང་ཅན་གྱི་ལས་ཞུགས་མ་ལག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ། “ཚོགས་སྒྲིག་རྣམ་པ”དང“ཉམས་ལེན་རྣམ་པ”སོགས་ལས་ཞུགས་བོད་སྐྱོར་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།