ཁྲེང་ཏུར“བོད་སྐྱོད་བུད་མེད་དམག་མི་ཁག་དང་པོའི”དྲན་གསོའི་སྦྲག་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ།
ལོ་70ལྷག་ཙམ་གྱི་གོང་དུ་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྐབས་ཀྱི་དམག་སྡེ་བཅོ་བརྒྱད་པའི་བུད་མེད་འཐབ་འཛིང་པ་1000ལྷག་ཙམ་ལ་དྲན་གསོ་ཞུ་ཆེད། ཟླ་12ཚེས་19ཉིན་གྱི་སྔ་དྲོར། ཁྲེང་ཏུར“བོད་སྐྱོད་བུད་མེད་དམག་མི་ཁག་དང་པོའི”དྲན་གསོའི་སྦྲག་བྱང་སྤྲོད་པའི་མཛད་སྒོ་སི་ཁྲོན་ཞིང་ཆེན་དམག་ཁུལ་ཁང་ལས་བྱེད་ལུས་གསོ་ཁང་བཅུ་བཞི་པ(དེ་སྔའི་བོད་དམག་ཁུལ་ཁང་སི་ཁྲོན་གཞུང་དོན་ཁང་ཞའོ་ཅ་ཧོ་ལས་བྱེད་ལུས་གསོ་ཁང)རུ་འཚོགས་པ་རེད། བྱེད་སྒོ་དེ་པེ་ཅིང་གི“བོད་སྐྱོར་བོད་སྐྲུན་མཐུན་ཚོགས”ཀྱི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་སྤེལ་འགོ་བཙུགས་པ་དང་། སྦྲག་སྲིད་སྡེ་ཚན་གྱིས་དྲན་གསོའི་སྦྲག་བྱང་སྤུས་ལེགས་བཟོས་རྗེས། རྒྱལ་ཡོངས་ས་གནས་ཁག་ཏུ་འཚོ་བཞུགས་ཀྱི་བོད་སྐྱོད་བུད་མེད་དམག་མི་ཁག་དང་པོ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་རྣམས་ལ་འབུལ་རྒྱུ་རེད།
མཛད་སྒོའི་ཐོག་ལས་བྱེད་ངལ་གསོ་ཁང་གི་ཆབ་སྲིད་ཨུ་ཡོན་ཁྲེན་ཏ་ཀྲི་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་མི་ཅིན་ལུའུ་ཕིང་གཉིས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ། བོད་སྐྱོད་བུད་མེད་དམག་མི་ཁག་དང་པོ་དང་དམག་སྡེ་བཅོ་བརྒྱད་པའི་སྔོན་བྱོན་པ་གཞན་དག་གིས་བོད་དུ་དཔུང་སྐྱོད་བྱས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བ།“ལམ་གཉིས”བསྐྲུན་པ་བཅས་ཀྱི་རླབས་ཆེའི་བརྒྱུད་རིམ་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་བྱས་པ་དང་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གདེང་ཚོད་དང་ཆོད་སེམས་མཚོན་པར་བྱས་ཡོད།
མཛད་སྒོ་ཚོགས་ཡུལ་དུ་ཁྲེང་ཏུའུ་དང་། ཧྲོང་ལིའུ། ལེ་ཧྲན། ཅང་ཡིའུ་སོགས་ནས་ཡོང་བའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པས་སྐུ་འཚོ་བཞུགས་ཀྱི་བོད་སྐྱོད་བུད་མེད་དམག་མི་ཁག་དང་པོར་ཁ་བཏགས་གཡོག་ནས་བླ་ན་མེད་པའི་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད།
མཛད་སྒོར“གསར་བརྗེའི་གཏམ་རྒྱུད་ཚོགས་འདུའི”ལྷུ་ཚིགས་ཆེད་དུ་བཀོད་སྒྲིག་བྱས་ཤིང་། ལས་བྱེད་ལུས་གསོ་ཁང་གི་དྲིལ་བསྒྲགས་པས་བོད་སྐྱོད་བུད་མེད་དམག་མི་དང་དམག་སྡེ་བཅོ་བརྒྱད་པའི་སྔོན་བྱོན་པ་ཚོའི་མི་སེམས་འགུལ་བའི་བྱས་རྗེས་བརྩེ་བ་ཟབ་མོས་བརྗོད་པ་ལས། ཚོགས་ཞུགས་མི་སྣས་དུས་རབས་ལས་བརྒལ་བའི་བསམ་པའི་སྟོབས་ཤུགས་ཚོར་བ་མ་ཟད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་དང་ལེགས་སྒྲིག་བྱེད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་ལས་བྱེད་ལུས་གསོ་ཁང་ལ་ཐོབ་པའི་གྲུབ་འབྲས་ཀྱང་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།