དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅོ་བརྒྱད་པའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་4ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ཟོག་ཚོང་འདུས་སྐབས་བཅོ་བརྒྱད་པ་མཇུག་འགྲིལ་ཞིང་། བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.06ལས་བརྒལ་བ་དེ་ན་ནིང་གི་ཚོང་འདུས་ཀྱི་ཉིན་ལྔའི་རིང་གི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་3.15ལས་སྒོར་དུང་ཕྱུར་0.91ཙམ་འཕར་ཡོད། མིག་མཐོང་ལག་ཟིན་གྱི་བྲིན་ཚོང་ལས་ནག་ཆུའི་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་ཁས་ལེན་ཚད་དང་འགྲན་རྩོད་ནུས་པ་མངོན་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི་ཚོང་འདུས་ཐོག་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་འགྲེམས་ཞུགས་ཚོང་པ་1485ཡིས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཁ་100ལྷག་ཙམ་འཁྱེར་ནས་ཚོང་འདུས་ལ་ཞུགས་པ་དེས“ནག་ཆུའི་འབྲི་གཡག”གི་ས་ཁམས་མཚོན་རྟགས་ཐོན་རྫས་སོགས་ས་ཁོངས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་མངོན་པ་དང་། ཚོང་འདུས་དེས་དྲ་ཐོག་གི་ཐད་གཏོང་ཟོག་ཚོང་དང་དྲ་ཕྱིའི་ས་ཡུལ་དངོས་ཀྱི་འདེམས་ཉོ་བྱེད་ཐབས་གཉིས་སྤྱད་དེ། དྲ་ཚོང་དང་ཉོ་སྒྲུབ་ཚོང་པ་གནད་སྨིན་འབྲེལ་མཐུད་ཀྱི་ཐབས་ལམ་བཏོད་ནས་ཐོན་རྫས་བྲིན་ཚོང་གི་དཀའ་གནད་ཐག་གཅོད་བྱས་པ་རེད། གཞན་ཡང་། ནག་ཆུ་གྲོང་ཁྱེར་གྱིས་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་355སྤྲད་པ་སོགས་ཀྱི་བྱ་ཐབས་བརྒྱུད་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་དང་སྤྱི་ཚོགས་ལས་རིགས་ཁག་འཛད་སྤྱོད་རོགས་སྐྱོར་ནང་ཞུགས་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།