“ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་བོད་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1225སྐྱེལ་འདྲེན་བྱས་པ།
གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་བོད་ལྕགས་ལམ་ནས་བོད་དུ་ཡོང་མཁན་ནམ་བོད་ནས་འགྲོ་མཁན་འགྲུལ་པ་མི་ཐེངས་ཁྲི་1225སྐྱེལ་འདྲེན་བྱས་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པའི་དོ་དམ་ཁུལ་དུ་ས་མཐོའི་ལྕགས་ལམ་དྲ་བ་ཚགས་ཇེ་དམ་དང་མེ་འཁོར་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། འགྲུལ་སྐྱེལ་དུས་གཏན་མེ་འཁོར་གཏོང་ཚད་བསྡོམས་འབོར་ཆ་104.5ཟིན་ཏེ། སྤྱིར་བཏང་མྱུར་ཚད་ནས་མྱུར་བགྲོད་ལྕགས་ལམ་བར་གྱི་སྐྱེལ་འདྲེན་ནུས་པ་ལྡན་པ་དང་། ལས་གཉེར་ལམ་ཐག་སྤྱི་ལེ་4060ཟིན་ནས། མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྣེ་ཁྲིད་ཐུབ་ཡོད།
ད་ཆ་བོད་དུ་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
འགྲུལ་སྐྱེལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཟོག་འདྲེན་དྲ་བའང་ཕྱོགས་ཡོངས་ནས་ཁྱབ་གདལ་བྱུང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་ཁྲི་3450ཟིན་ཡོད། ད་ལོའི“བཅུ་གཅིག་ཟུང”རིང་། གྲོང་ཁྱེར་དབར་སྐྱོད་མཁན་བོད་སྐྱོད་འགྲུལ་སྐྱེལ་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དུས་ཚོད་དེ་སྔའི་ཆུ་ཚོད་60ཙམ་ནས་ཆུ་ཚོད་48བར་ཐུང་དུ་ཕྱིན་ཏེ། དྲ་ཚོང་མྱུར་སྐྱེལ་བསྐུར་མ་ལྷ་ས་འབབ་ཚུགས་ནུབ་མར་འབྱོར་རྗེས་ཆུ་ཚོད་2ནང་ཚུན་དུ་ས་གནས་དེ་གའི་དབྱེ་གསེས་ལྟེ་གནས་སུ་སྐྱེལ་ཐུབ་པ་དང་ཉིན་དེ་རང་དུ་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ལག་ཏུ་འབྱོར་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།