དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནས་བཟུང་དུས་ཡུན་ཟླ་བ་གཅིག་གི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ནས་2026ལོའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལོ་དེ་སྔའི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་ཀྱི་མི་སྣར་སྤུས་ལེགས་དང་ཕན་ཆེའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་། ས་གནས་ཁག་གི་མི་སྤྱི་སྡེ་ཚན་དང་། འབྲེལ་ཡོད་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་། ཤེས་ལྡན་པའི་ཁྲོམ་ར་བཅས་ཀྱིས་ཁྲོམ་ར་ཅན་གྱི་ལས་ཞུགས་ལས་གནས་སྔོག་འདོན་རྒྱ་ཁྱབ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ལས་བསྡུའི་བྱེད་སྒོ་གཅིག་སྡུད་ངང་སྤེལ་བ། དྲ་ཐོག་གི་ཚད་ལེན་ཚོད་ལྟ་དང་རྒྱུགས་ལེན་ཞབས་ཞུ་གསར་གཏོད་བཅས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུ་སློབ་གྲྭར་སྒྲིག་འཛུགས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། དེ་དང་ཆབས་ཅིག ལས་འཚོལ་ཉེན་ཁར་དོགས་ཟོན་གྱི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལས་བསྡུའི་བྱེད་སྒོ་སྣ་ཚོགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་བྱས་ནས་ལས་ཀ་འཚོལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གིས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།