ཧན་ཅང་གཙང་ཆུ་ཝེ་ཧོ་རྒྱུག་ཁུལ་དུ་འདྲེན་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་ཆུ་ལམ་བྱང་མ་ཤར་གཏོང་ཐུབ་པ།

ཧན་ཅང་གཙང་ཆུ་ཝེ་ཧོ་རྒྱུག་ཁུལ་དུ་འདྲེན་པའི་ལས་གྲྭ་ནི་རྒྱལ་ཁབ་ཆུ་ལམ་དྲ་བའི་བཀོད་ཇུས་ནང་གི་ཆུ་མཁོ་འདོན་གྱི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། 2023ལོའི་ཟླ་7པའི་ཚེས་16ཉིན་དུས་ཐེངས་དང་པོའི་ཆུ་འདྲེན་ལས་གྲྭ་དངོས་སུ་བསྐྲུན་ཟིན་ནས་ཆུ་དྲངས་ཡོད། དུས་ཐེངས་གཉིས་པའི་ལས་གྲྭའི་ཆུ་ལམ་བྱང་མ་ཤར་གཏོང་ཐུབ་ནས་ཆུ་དྲངས་རྗེས། “ཝེ་བྱང་རྒྱུད་ཀྱི་ཐན་ཁུལ”གྱི་ཆུ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་ལས་གྲྭར་འགྱུར་རྒྱུ་ཡིན་པ་དང་། ཧྲའན་ཤིས་ཀྱི་ཆུ་ལམ་དྲ་བ་འཐུས་སྒོ་ཚང་དུ་འགྲོ་བའི་ཆུ་ལམ་གཙོ་བོར་གྱུར་ནས། ཤིས་ཨན་དང་། ཞན་དབྱང་། ཤིས་ཞན་ཁུལ་གསར་གྱི་གྲོང་ཁྱེར་གསར་པ་5དང་། དེ་བཞིན་ཝུའུ་ཀུང་དང་། ཤིང་ཕིང་། ལི་ཆོན། ཅིང་དབྱང་སོགས་ས་ཁུལ་གྱི་བཟོ་ལས་ཀྱི་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་ཤུགས་ཆེན་འགྲོ་རྒྱུ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ། མི་ཁྲི་400ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད། འདི་ནི་ཟླ་12ཚེས་19ཉིན། ཧན་ཅང་གཙང་ཆུ་ཝེ་ཧོ་རྒྱུག་ཁུལ་དུ་འདྲེན་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་ཆུ་ལམ་བྱང་མ་ཤར་གཏོང་ཐུབ་པའི་རྣམ་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།