དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགུན་ཉི་ལྡོག་ལ་བརྩེ་བས་ཁེངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    2025ལོའི་ཟླ་12ཚེས་19ཉིན། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་ཀུང་རེན་པེ་ལི་སྡེ་ཁུལ་གྱིས་ཆིན་ཧོང་ཏའོ་གྲོང་ཁྱེར་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་ཧོ་ཏུང་དྲོད་གཏོང་ཡན་ལག་ཀུང་སི་དང་མཉམ་དུ“དགུན་དུས་དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་དང་བླངས་པ་སྒྲིག་འཛུགས་བྱས་ནས་བྱེད་སྒོ་ཁང་དུ་མཉམ་དུ་ཅའོ་ཙེ་བཟོས་པ་དང་སྦྲགས་བཟོས་ཟིན་པའི་ཅའོ་ཙེ་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བ་དང་། ལས་རྣམ་གསར་པའི་ཚོགས་སྤྱི། ཏང་ཡོན་རྒན་གྲས། དམག་ཞབས་ཐིམ་པའི་དམག་མི། དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་ལ་སྤྲད་དེ། བྱ་སྤྱོད་ལ་བརྟེན་ནས་གཅེས་སེམས་བརྒྱུད་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།