དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་ཡུན་ནན་གྱིས་བུ་གསོའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་40ལྷག་ཙམ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    གསར་འགོད་པར་ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཡུན་ནན་ནོར་སྲིད་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་གཏོང་སྒོའི་གྲུབ་ཆ་ལེགས་གཏོང་དང་། སྲིད་ཇུས་ཀྱི་འབྲེལ་མཐུད་ཟབ་གཏོང་། མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ཕྲུ་གུ་དམར་འབྱར་ཡོད་པའི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་རོགས་བྱས་ནས་བུ་བཙར་ཕན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ད་ལོ་ཚུན་དུ་ཡུན་ནན་ཞིང་ཆེན་གྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་40.7གྲབས་གསོག་བྱས་ནས་སྤྲད་དེ་བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་དམངས་འཚོའི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོས་ཚོར་ཐུབ་པ་བྱས་ཡོད།

    ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ《ཡུན་ནན་ཞིང་ཆེན་གྱི་བུ་གསོའི་ཁ་གསབ་སྤྲོད་པའི་ལམ་ལུགས་ལག་བསྟར་གྱི་ཇུས་གཞི》བཀྲམ་ནས། ཐེམ་ཐོ་ཡུན་ནན་ཞིང་ཆེན་དུ་ཡོད་པའི་ཆ་རྐྱེན་འཛོམས་རིགས་ཀྱི་སྐྱེས་པའམ་གསོ་ཉར་བྱས་པའི་ཕྲུ་གུ་ལོ་3མན་ཆད་ལ་གཅིག་གྱུར་ཐོག་མི་རེར་ལོ་རེར་སྒོར་3600ཡི་ཚད་གཞི་ལྟར་ཁ་གསབ་སྤྲོད་རྒྱུ་ཁ་གསལ་གཏན་འཁེལ་བྱས་པས། སྲིད་ཇུས་རྒྱུན་མཐུད་རིམ་སྤོར་དང་སྤུས་ཚད་ལེགས་གཏོང་དང་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་འགན་ལེན་ཐུབ་ཡོད་པ་རེད།

    ཁ་གསབ་སྤྲོད་པའི“མཐའ་མའི་འགག་གནད”ཀྱི་དཀའ་གནད་ཐག་གཅོད་བྱ་ཆེད། ཡུན་ནན་ནོར་སྲིད་ཀྱིས་བུ་བཙའི་རྒྱབ་སྐྱོར་རྣམ་གྲངས་དེ་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་འཐུས”ཀྱི་ལས་སྟེགས་དོ་དམ་ནང་བཅུག་ཡོད། ས་གནས་ཁག་གི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་རྗེས། ཁ་གསབ་མ་དངུལ་དུས་ཚིགས་ལྟར་ཕན་པ་ཐོབ་མཁན་གྱི་སྤྱི་ཚོགས་འགན་སྲུང་གཱ་ལ་ཐད་ཀར་བླུག་རྒྱུ་དང་ཆབས་ཅིག་དངུལ་བླུགས་པའི་འཕྲིན་ཐུང་བསྐུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།