དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རབས་གསར་པའི་འོད་ལྡན་རྩིས་རྒྱག་གི་ཉིང་ལྷེབ་ཞིབ་འཇུག་ཐད་ཚད་བརྒལ་གསར་པ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-22

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེའི་ཚན་ཞིབ་མི་སྣར་ཉེ་དུས་རབས་གསར་པའི་འོད་ལྡན་རྩིས་རྒྱག་གི་ཉིང་ལྷེབ་ཁྱབ་ཁོངས་ཐད་ཚད་བརྒལ་གསར་པ་བྱུང་སྟེ། གཞི་ཁྱོན་ཆེ་བའི་ཚིག་དོན་སྨྱན་སྦྱོར་ཆགས་གྲུབ་ཀྱི་དཔེ་དབྱིབས་ལ་མཁོ་བའི་རྦད་དེ་འོད་ལྡན་རྩིས་རྒྱག་གི་ཉིང་ལྷེབ་ཐོག་མར་ཐོན་ཡོད། འབྲེལ་ཡོད་གྲུབ་འབྲས་ཟླ་12ཚེས་19ཉིན《ཚན་རིག》དུས་དེབ་ཐོག་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབང་རྩའི་དྲ་རྒྱ་ཟབ་མོ་དང་གཞི་ཁྱོན་ཆེན་པོའི་ཆགས་གྲུབ་དཔེ་དབྱིབས་འཕོ་འགྱུར་ཤུགས་ཆེན་ཕྱིན་པ་ལས་རྩིས་ནུས་ཆེས་ཆེན་པོ་དང་ནུས་རྒྱུ་ཟད་གྲོན་གྱི་དགོས་མཁོ་ཆེན་པོ་ཡོད་པས། སྲོལ་རྒྱུན་ཉིང་ལྷེབ་ཀྱི་སྒྲོམ་གཞིའི་ནུས་པ་འཕར་བའི་མྱུར་ཚད་ཐད་མི་འདང་བའི་ཆ་མང་པོ་ཡོད་སྟབས་འོད་ལྡན་རྩིས་རྒྱག་སོགས་སྒྲོམ་གཞི་གསར་པར་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།