དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མི་ཐབས་རིག་ནུས+འགྲིམ་འགྲུལ་སྐྱེལ་འདྲེན”གྱི་རྣམ་པ་860ལྷག་ཙམ་གསེད་བཀྲོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

     ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔེ་དབྱིབས་ཆེན་པོའི་རིག་ནུས་དངོས་ཚན་གསར་གཏོད་ཉེར་སྤྱོད་འགྲན་བསྡུར་སྐབས་དང་པོའི་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གཞུང་ལམ་དང་། ཆུ་ལམ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད། ཕྱོགས་བསྡུས་འགྲིམ་འགྲུལ་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ལ་ཁྱབ་པའི་རྣམ་པ་860ལྷག་ཙམ་གསེད་བཀྲོལ་བྱས་པས“མི་ཐབས་རིག་ནུས་+འགྲིམ་འགྲུལ་སྐྱེལ་འདྲེན”གྱི་རྣམ་པ་གྲུབ་པ་མ་ཟད། ཀུན་གྱི་སྣེ་ཁྲིད་དེ་འགྲིམ་འགྲུལ་དཔེ་དབྱིབས་ཆེན་པོའི་གསར་གཏོད་དང་ཐོན་ལས་མནའ་འབྲེལ་བཙུགས་ཏེ་ཐོན་ལས་སྐྱེ་ཁམས་སྐྱོང་གསོའི་མ་ལག་ཀྱང་གྲུབ་ཡོད་པ་རེད།

    ཐེངས་འདིའི་འགྲན་བསྡུར་ཆེན་པོར“རིག་ནུས་ལ་བརྟེན་ནས་འགྲིམ་འགྲུལ་ལ་རམ་འདེགས་བྱེད། བློ་རིག་ལ་བརྟེན་ནས་འབྱུང་འགྱུར་འཆར་འགོད་བྱེད”བརྗོད་དོན་གཙོ་བོར་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཡོངས་ཀྱི་ལས་སྒོའི་དགོས་མཁོ་དངོས་ལ་དམིགས་པ་དང་། འགྲན་བསྡུར་ལ་ཞུགས་མཁན་ཚོགས་པ་ཁག་ལ་དོན་དངོས་ཀྱི་རྣམ་པར་དམིགས་ནས་དངོས་སྤྱོད་རིན་ཐང་ལྡན་པའི་རིག་ནུས་དངོས་ཚན་གསར་སྤེལ་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། འགྲན་བསྡུར་ཆེན་པོར་ཞུགས་མཁན་ཚོགས་པ་ཁག་གིས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་། བརྩམས་ཆོས་ནང་དུ་ལག་རྩལ་གསར་གཏོད་དང་། གཉེར་སྐྱོང་ཞབས་ཞུ། བདེ་འཇགས་ལྟ་འདོམས། སྲིད་གཞུང་གི་དོ་དམ་བཅས་བརྒྱུད་རིམ་ཧྲིལ་པོ་ཚུད་ཡོད། འགྲན་ཞུགས་བརྩམས་ཆོས་ལ་དངོས་སྤྱོད་རང་བཞིན་དང་གསར་གཏོད་རང་བཞིན་གཉིས་ཀ་ལྡན་པས་ལ

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།