དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་བཏང་བའི་མ་དངུལ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་3.54ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

     གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། ནུས་རྒྱུའི་མ་འཇོག་འཕར་ཤུགས་ཆེ་ཞིང་། ལྗང་མདོག་དང་གསར་པར་ཕྱོགས་ཡོད། བདེ་འཇགས་འགན་ལེན་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་འགག་རྩའི་ཁྱབ་ཁོངས་སུ་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་དམིགས་ཏེ། ལོ་ཧྲིལ་པོའི་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་བཏང་བའི་མ་དངུལ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་3.54ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་11%འཕར་ཡོད་པ་རེད། ཉིང་གློག་དང་། སྐམ་སའི་རླུང་གློག ཁྱབ་རྣམ་འོད་གློག གློག་དྲ་སོགས་ལ་མ་འཇོག་ཤུགས་ཆེན་བྱས་ཏེ། གསོག་ནུས་གསར་པ་དང་། གློག་གསོག་གློག་བརྗེའི་རྨང་གཞིའི་སྒྲིག་བཀོད། ཆིང་ནུས་སོགས་ཀྱི་མ་འཇོག་མགྱོགས་མྱུར་འཕར་ཡོད། རིགས་ཁག་གི་མ་འཇོག་བྱེད་པོས་མ་འཇོག་ཧུར་ཐག་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་དངུལ་འབོར་དུས་མཚུངས་ལས་15%འཕར་ཡོད་པ་རེད།

    རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དམངས་གཉེར་ཁེ་ལས་མ་རྐང་ལ་ཞུགས་པའི་ཉིང་གློག་རྣམ་གྲངས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ད་ལོ་གསར་དུ་ཞིབ་དཔྱད་ཆོག་འཐུས་བྱས་པའི་ཉིང་གློག་འཕྲུལ་ཚན་10ཚང་མ་དམངས་ཁྲོད་ཀྱི་མ་རྩའི་ནང་བཅུག་པ་དང་མ་རྐང་བསྡུར་གྲངས་མཐོ་ཤོས་20%ཟིན་ཡོད། དམངས་གཉེར་ཁེ་ལས་ཀྱིས་མ་རྐང་ལ་ཞུགས་ནས་བསྐྲུན་པའི་རོང་བྲག་སོགས་ཆུ་གློག་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་ར་ཅན་གྱི་རྩ་དོན་ལྟར་མ་རྐང་ལ་ཞུགས་པའི་སྣུམ་རླངས་གདོང་ལམ་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ནས་དམངས་གཉེར་རྡོ་སོལ་གཏེར་ཁའི་རྣམ་གྲངས་ཆེ་གྲས་4ལ་ཞིབ་དཔྱད་ཆོག་འཐུས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།