ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱ་རིགས་ཀྱི་གྱོན་གོས་གྱོན་རྒྱུར་དགའ་པོ་ཡོད་པ།

འདི་ནི་ཉེ་ཆར་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཁྲུང་ཁྲོན་ཆུས་པེ་གྲོང་ཁྱེར་མཛེས་ལྗོངས་ཁུལ་དུ་ཕྱི་རྒྱལ་གྱི་གྲོགས་པོས་རྒྱ་རིགས་ཀྱི་གྱོན་གོས་གྱོན་ནས་ཡུལ་སྐོར་བྱེད་བཞིན་པ། (ཞུས་ཚུང་ཅུན་གྱིས་པར་བརྒྱབ)
ད་ཆ། ཀྲུང་གོའི་ས་གནས་ཁག་ཏུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་མཛེས་ལྗོངས་ཁུལ་དུ་རྒྱ་རིགས་ཀྱི་གྱོན་གོས་གྱོན་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། གོང་མའི་ཕོ་བྲང་མཁར་སྲུང་ཆུ་འོབས་ཀྱི་འགྲམ་དུ་ཨ་རི་ནས་ཡིན་པའི་ཡུལ་སྐོར་ནང་དོན་གསར་གཏོད་མཁན་ཅེ་ཤིས་ཁཱ·ས་ཝ་ནུའོ་ཡིས་མགོ་ལ་ཁྱུང་ཞྭ་གྱོན་ཞིང་ལག་ཏུ་རླུང་གཡབ་བཟུང་བ་དང་ལུས་ལ་ཚེམ་དྲུབ་མའི་གྱོན་ཆས་སྤུས་ལེགས་གྱོན་ཏེ། གྱང་དམར་པོ་དང་སེར་མདོག་གི་གཡུ་རྩིའི་རྫ་གཡམ་རྒྱབ་ལྗོངས་སུ་བྱས་ནས་པར་ལེན་བཞིན་མཆིས། ཁོང་གིས་རང་ཉིད་ཀྱི་བརྙན་ལམ་དཔོད་ཁུག་ཏུ“གལ་སྲིད་ཁྱེད་རང་ཀྲུང་གོར་ཡུལ་སྐོར་ལ་ཡོང་བ་ཡིན་ན་རྒྱ་རིགས་ཀྱི་གྱོན་གོས་དེ་འདྲ་ཅིས་ཀྱང་གྱོན་དགོས། ངས་འདྲ་པར་འདི་དག་ཉར་ཚགས་ཡག་པོ་བྱེད་ངེས་ཡིན། དངོས་གནས་སྙིང་རྗེ་པོ་འདུག”ཅེས་བྲིས་ཡོད། ད་ལོའི་ཟླ་བ་དྲུག་པའི་བར་དུ་བརྙན་ཐུང་ལས་སྟེགས་TikTokཐོག “རྒྱ་རིགས་ཀྱི་གྱོན་གོས”སྐོར་གྱི་བརྙན་ཐུང་ཁྲི་30ཙམ་ཟིན་ནས་གོ་ལ་ཧྲིལ་པོས་ཀྲུང་གོའི་སྲོལ་རྒྱུན་གྱོན་ཆས་ལ་དོ་སྣང་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད།
ཀྲུང་གོའི་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དེས་གོང་འཕེལ་ཉམས་མེད་ཀྱི་ཚ་རླབས་ཁྲོད་ལྟེ་བའི་ནུས་པ་འདོན་བཞིན་ཡོད་ཅིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བས་ཀྲུང་གོའི་སྲོལ་རྒྱུན་རྒྱན་གོས་དང་རིག་གནས་བྱེད་སྒོ་འཚོལ་ཞིབ་དང་ཉམས་ལེན་བྱས་པ་ལས་ཡུལ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཁོང་ཚོས་ཀྲུང་གོར་འཛད་སྤྱོད་བྱེད་པའི་གོ་སྐབས་ཀྱང་མང་དུ་ཕྱིན་ཡོད། རིགས་གཅིག་མཁས་ཅན་གྱིས་འཕེལ་ཕྱོགས་དེ་ལས་ཀྲུང་གོའི་སྤྱི་ཡོངས་ཀྱི་ཡུལ་སྐོར་འཛད་སྤྱོད་ཆུ་ཚད་མཐོ་རུ་འགྲོ་སྲིད་པའི་ངོས་འཛིན་བྱས་ཡོད།
—— ཕ་ཁི་སི་ཐན་གྱི《གླེང་སྟེགས་མྱུར་འཕྲིན》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།