ཀྲུང་གོས་རིག་ནུས་བཟོ་གྲྭ་འཕེལ་རྒྱས་ཤུགས་ཆེན་བཏང་བ།
ཀྲུང་གོར་ད་ཆ་རིག་ནུས་བཟོ་གྲྭ་ཁྲི་ཁ་ཤས་ཡོད་ཅིང་། བཟོ་གྲྭ་དེ་དག་ནང་འཕྲུལ་མིའི་ལག་རྩལ་དང་། གྲངས་གཞི་ཆེན་པོ། ཟོག་འབྲེལ་དྲ་རྒྱ མི་ཐབས་རིག་ནུས་བཅས་ཀྱི་གྲུབ་འབྲས་གསར་ཤོས་མཉམ་འདྲེས་ཐུབ་ཡོད། ད་ཆའི་ཀྲུང་གོའི་བཟོ་གྲྭ་ནི་ཚོད་ལྟ་ཁང་ཞིག་དང་འདྲ་བ་སྟེ། ཐལ་རྡུལ་ཙམ་ཡང་མེད་པ་དང་འཕྲུལ་ཆས་ཀྱི་འཛེར་སྒྲ་ཧ་ཅང་ཆུང་བ་མ་ཟད། ལས་མི་ཡང་ཧ་ཅང་ཉུང་ཉུང་ཡིན། དཔེ་མཚོན་གང་སར་ཡོད་དེ། ཁྲུང་ཆིང་གི་རླངས་འཁོར་བཟོ་གྲྭའི་ནང་བཟོ་པ་ཉུང་ཤས་ཤིག་ལས་མེད་པ་དང་། 2025ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ཁྲུང་ཆིང་གིས་རླངས་འཁོར་ཁྲི་165.9ཐོན་སྐྱེད་བྱས་ཡོད། ཧྥུའུ་ཅན་ཕུའུ་ཐེན་གྱི་རིག་ནུས་ལྷམ་བཟོའི་བཟོ་གྲྭར་ཆུ་ཚོད་གཅིག་ལྷག་ཙམ་ནང་ཉོ་མཁན་གྱི་དགའ་ཕྱོགས་ལ་གཞིགས་ནས་ལྷམ་བཟོ་ཐུབ་ཀྱི་ཡོད།
འདི་དག་ཚང་མ་སྟེས་དབང་མིན་ཞིང་། ཀྲུང་གོས་ལོ་མང་གོང་ནས་རིག་ནུས་བཟོ་གྲྭ་འཛུགས་སྐྲུན་གྱི་ལམ་བུར་བསྐྱོད་པ་དང་སྦྲགས། 2024ལོར་རིག་ནུས་བཟོ་གྲྭའི་འཕེལ་རྒྱས་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། ཚད་གཞི་འདིར་གཞིགས་ནས། མིག་སྔའི་བར། ཀྲུང་གོས་རྨང་གཞིའི་རིམ་པ་ཁྲི་3.5དང་། སྔོན་ཐོན་རིམ་པ་7000ལྷག་ཙམ། རྩེར་སོན་རིམ་པ་500ལྷག་ཙམ། སྣེ་ཁྲིད་རིམ་པ་15བཅས་ཀྱི་རིག་ནུས་བཟོ་གྲྭ་བསྐྲུན་ཡོད།
ཉེ་ཆར་ཁྱབ་བསྒྲགས་བྱས་པའི་རིག་ནུས་བཟོ་གྲྭའི་འབྲེལ་ཡོད་སྙན་ཞུ་ལས་མངོན་པར། རིག་ནུས་བཟོ་གྲྭ་ཡོད་པ་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་དུས་འཁོར་ཆ་སྙོམས་30%ཐུང་དུ་ཕྱིན་པ་དང་། ཐོན་སྐྱེད་ལས་ཆོད་ཆ་སྙོམས་22%ཙམ་ཆེ་རུ་ཕྱིན་པ། ཐཱན་འབུད་ཚད་ཆ་སྙོམས་20%ཙམ་ཉུང་དུ་ཕྱིན་ཡོ
འབྲེལ་ཡོད་གསར་འགྱུར།