དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རིག་ལྡན་གྲོང་ཁྱེར་འཕེལ་རྒྱས་ཀྱི་མིག་དཔེ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཀུང་ཧྲུའུ་ཆུས་སུ་གནས་པའི་ཧྲེན་ཧྭ་སྤྱི་པའི་འཕུར་འབབ་བྱ་ཡུལ་གྱིས“མི་མེད་གནམ་གྲུ་དང་། འཕུར་འབབ་ས་ཚུགས། མཇུག་སྣེའི་བཀོལ་སྤྱོད་པ་བཅས་ཟུང་དུ་འབྲེལ་བའི”གསར་གཏོད་ཀྱི་དམའ་དབྱིངས་མཉམ་འདྲེན་བྱ་ཐབས་ལ་བརྟེན་ནས་མཐའ་འཁོར་གྱི་གྲོང་མིར་རྒྱུན་གཏན་ཅན་གྱི་མི་མེད་གནམ་གྲུའི་སྡེབ་སྐྱེལ་ཞབས་འདེགས་ཞུས་ཤིང་། འདི་ནི་བསྐུར་མ་ཁྱེར་བའི་མི་མེད་གནམ་གྲུ་ཞིག་ཧྲེན་ཧྭ་སྤྱི་པའི་འཕུར་འབབ་བྱ་ཡུལ་ནས་འཕུར་བཞིན་པ།(ཝང་ཁྲོན་གྱིས་པར་བརྒྱབ)

    འདས་ཟིན་པའི་ལོ་20ཡི་རིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ཁྲོད་ཀྲུང་གོར་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་ལས་གྲོང་ཁྱེར་བཅོས་སྐྱོང་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། མི་འབོར་གཞི་ཁྱོན་ཆེན་པོས་མང་དུ་ཕྱིན་པ་ལས་བྱུང་བའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད། རིག་ལྡན་གྲོང་ཁྱེར་གྱི་འདུ་ཤེས་བཏོན་པ་དང་འབྲེལ། ལག་ལེན་ཁྲོད་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད། སྔོན་ཐོན་ལག་རྩལ་དང་གྲོང་ཁྱེར་འཆར་འགོད་ཟུང་འབྲེལ་བྱས་པ་བརྒྱུད། ཀྲུང་གོས་གྲོང་ཁྱེར་དག་ནུས་ཆེ་དང་། མཉམ་འབྲེལ། གསར་གཏོད་བཅས་ཀྱི་ལྟེ་གནས་སུ་སྐྲུན་བཞིན་ཡོད་པ་རེད།

    5Gདྲ་རྒྱ་དང་། ཟོག་འབྲེལ་དྲ་རྒྱ། མི་ཐབས་རིག་ནུས། གྲངས་འཛིན་གཏོང་སྤྲོད་མ་ལག་སོགས་ཁྱབ་ཁོངས་ཚང་མར་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་ལག་རྩལ་དང་བཅོས་སྐྱོང་ཟུང་འབྲེལ་བྱེད་པ་བརྒྱུད་གྲོང་ཁྱེར་དེ་བས་བདེ་འཇགས་དང་། དེ་བས་གཙང་མ། དེ་བས་ནུས་ཆེ་བཅས་སུ་འགྱུར་བར་བྱེད་བཞིན་ཡོད་པ་རེད།

    ཀྲུང་གོའི་རིག་ལྡན་གྲོང་ཁྱེར་གྱི་འཆར་གཞིས་རང་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། གོ་ལ་ཧྲིལ་པོར་མིག་དཔེ་བཏོད་ཡོད། ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོ་མིག་དཔེར་འཛིན་གྱི་ཡོད་པ་རེད།

    —— དེ་རིང་གི་ཡོ་རོབ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།