དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཅང་སུའུ་དང་མཚོ་སྔོན་ཤར་ནུབ་མཉམ་ལས་བྱས་པས་མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་བྲིན་ཚོང་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་13ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལས་ཀའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་པས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཅང་སུའུ་ཡིས་མཚོ་སྔོན་གྱི་གྲོང་གསེབ་ངལ་རྩོལ་པ་མི་ཐེངས་ཁྲི་2ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྡབ་1.5ཡིན་པ་དང་། ཞིང་འབྲོག་ཐོན་རྫས་འཚོང་རོགས་བྱས་པར་བྲིན་ཚོང་སྒོར་དུང་ཕྱུར་20.1ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་ལྡབ་5འཕར་བ་དང་ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་གཞི་ཁྱོན་ཡང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་2ཀྱི་རྫོང་9ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་15བར་མང་དུ་ཕྱིན་ཡོད་པ་རེད།

    ལོ་ལྔ་ཡི་རིང་། མཚོ་སྔོན་གྱིས་རང་འགུལ་ངང་ཅང་སུའུ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་ཅང་སུའུ་ཡི་མ་དངུལ་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། མཉམ་དུ་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2020ལོའི་ཁྲི་1.22ནས་2024ལོའི་ཁྲི་1.67བར་འཕར་བ་དང་། ཞིང་འབྲོག་ཐོན་རྫས་ཚོང་ཟོག་ལ་སྒྱུར་ཚད་2020ལོའི་58%ནས་64%བར་འཕར་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཞིང་། དངོས་གཞིའི་ཚན་ཁག་གི་མཐོ་སློབ་གཉིས་བསྐྲུན་ནས་སློབ་མ་བསྡུས་པ་དང་གཙོ་གནད་ཆེད་སྦྱོང་ཚན་ཁག་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྒྱང་བསྟེན་སྨན་བཅོས་དང་ཡུལ་གཞན་དུ་སློབ་གཉེར་སོགས་ཀྱི་བྱ་ཐབས་ལས་མཚོ་སྔོན་གྱི་མང་ཚོགས་ལ་ཅང་སུའུ་ཡི་སྤུས་ལེགས་ཐོན་ཁུངས་ལོངས་སྤྱོད་ཐུབ་པར་བྱས་ཡོད། ལྷན་སྐྱེས་སྙིང་ནད་དང་། སྐྱ་འགྲིབ། ཨོལ་རྨེན་དང་ནུ་མའི་གཤེར་རྨེན་བཅས་ཀྱི་སྨན་བཅོས་དབྱེ་བཤེར་སྐྱོབ་བཅོས་བྱ་སྤྱོད་སྤེལ་ཏེ། རིམ་རྩིས་བརྒྱབ་ན་ནད་པ་2500ལྷག་ཙམ་དཀའ་གནད་ལས་སྒྲོལ་རོགས་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲི་2ལས་ཞུགས་བརྟན་པོ་ཡོང་བར་བྱས་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་སོང་བས། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་རེད།

    དེ་དང་དུས་མཚུངས། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཞིང་། རིག་གནས་ཡུལ་སྐོར་སྤེལ་རེས་དང་། ཕྱོགས་གཉིས་ཀྱི་ཞིབ་སློབ། སྤྱི་ཕན་རྣམ་གྲངས་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། ཅང་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་འོང་དང་མཉམ་འདྲེས་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བས། “ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཅང་སུའུ་ཡི་ཡུལ་སྐོར་བ་ཁྲི་300མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་བ་དེས་ཞིང་ཆེན་ཕྱིའི་ཡུལ་སྐོར་བའི་10.4%བཟུང་སྟེ། རིག་གནས་ཡུལ་སྐོར་མཉམ་འགུལ་དེ་བརྩེ་བ་ཟབ་ཏུ་གཏོང་བའི་སྦྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་2000ཙམ་ཕྱོགས་གཉིས་ཀྱི་ཞིབ་སློབ་ནང་ཞུགས་ཏེ། ལག་ལེན་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།