དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གྲོང་ཁྱེར་གྱིས“གཅེས་སེམས་ཟ་མའི”བྱེད་སྒོ་ཚོད་ལྟ་བྱས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “‘གཅེས་སེམས་ཟ་མའི’བྱེད་སྒོས་ང་ཚོའི་ཟས་ཀྱི་དཀའ་གནད་ཐག་གཅོད་ཐུབ་ནས་ལས་ཀ་བྱེད་སྐབས་དེ་བས་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་མྱུར་སྐྱེལ་བ་ལི་ལགས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་བརྗོད། ཟླ་11ཚེས་10ཉིན། ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་ཞུགས་ཀྱི་ལས་རྣམ་གསར་པའི་ངལ་རྩོལ་པའི“གཅེས་སེམས་ཟ་མའི”བྱེད་སྒོ་སྤེལ་ཚུན། ཕན་བདེའི་ཞིམ་ཟས་ལས་ཁྲོམ་གཞུང་དང་སྲང་ལམ་དུ་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་བཞིན་པའི་ངལ་རྩོལ་པ་མང་པོ་ཞིག་ལ་དྲོ་སྐྱིད་དང་ཐུགས་ཁུར་དངོས་ཚོར་ཐུབ་པ་བྱུང་བ་རེད།

    ལས་ཞུགས་ཀྱི་ལས་རྣམ་གསར་པའི་ངལ་རྩོལ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཚོགས་སྤྱི་འདིའི“ཟ་མའི་དཀའ་གནད”དངོས་ཐག་གཅོད་ཏན་ཏིག་བྱ་ཆེད། ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་འཚམས་འདྲི་དང་བརྟག་ཞིབ་བྱས་ཏེ། ལས་ཞུགས་ཀྱི་ལས་རྣམ་གསར་པའི་ངལ་རྩོལ་པའི་དགོས་མཁོ་དངོས་ཕྱོགས་ཡོངས་ཤེས་རྟོགས་དང་། ཚོགས་སྤྱི་དེའི་ལས་ཀའི་དུས་ཚོད་རིང་བ་དང་། བཟའ་བཏུང་ཆོས་ཉིད་དང་མི་མཐུན་པ། ཉེ་འཁོར་དུ་བཟའ་བཏུང་གི་གདམ་ག་ཉུང་བ། འཛད་སྤྱོད་ཀྱི་མ་གནས་མཐོ་བ་བཅས་ཀྱི་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས། སྲིད་གཞུང་དང་ཁེ་ལས་མཉམ་གཉེར་བྱ་ཐབས་དང་ཞིབ་དཔྱད་ནན་པོ་དང་ཕྱོགས་བསྡུས་བསམ་གཞིག་བྱས་པ་བརྒྱུད། སྤུས་ལེགས་ཀྱི་བཟའ་བཏུང་ཁེ་ལས་20བདམས་ནས་དེའི་ནང་ཧུར་ཐག་ཞུགས་སུ་བཅུག་སྟེ། “གཅིག་གྱུར་བཞི་དང་སྔོན་ཐོན་གཅིག”གི་དོ་དམ་བྱ་ཐབས(གཅིག་གྱུར་གསུམ་སྟེ། བཟའ་བཏུང་སྤྲོད་པའི་ཚད་གཞི་གཅིག་གྱུར་བཟོ་བ་དང་། གཅེས་སེམས་ཟ་མའི་སྤ་སེ་གཅིག་གྱུར་བཟོ་བ། དངོས་མིང་འགོད་པའི་ལམ་ལུགས་ཐོག་ནས་གཅིག་གྱུར་སྤྲོད་པ། མ་དངུལ་བསྡོམས་རྩིས་གཅིག་གྱུར་རྒྱག་པ་བཅས་དང་། སྔོན་དུ་འགན་ལེན་གཅིག་ནི“གཞོན་ནུ་བཟོ་པའི་ཁྱིམ་ཚང”གི་Appཁས་ལེན་དཔང་འདོན་ཚོགས་མིས་ཕན་བདེ་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན)ལ་བརྟེན་ནས“བཟོ་ཚོགས་ཀྱིས་ཁ་གསབ་སྤྲོད་པ་དང་། ལས་བཟོར་ཕན་འདོགས་པ། ཚོང་པས་ཞབས་འདེགས་ཞུ་བ”བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་བཟང་པོ་ཆགས་ནས་བྱེད་སྒོ་ཚད་ལྡན་དང་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་མ་དངུལ་སྒོར་ཁྲི་15བཏང་ནས་གཅེས་སེམས་ཟ་མའི་སྤ་སེ་15000སྤྲད་པ་དེ་འཐབ་ས་དང་པོའི་ལས་ཞུགས་ལས་རྣམ་གསར་པའི་ངལ་རྩོལ་པ་3000ལ་ཁྱབ་ནས་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་བྱུང་བ་དང་འབྲེལ་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོང་སྐོར་དང་། ཟོག་འགྲེམས་གླིང་ཁུལ། འགྲིམ་འགྲུལ་ལྟེ་བ་སོགས་ངལ་རྩོལ་པ་གཅིག་སྡུད་ས་ཁོངས་ལ་དམིགས་ཏེ། རིགས་མི་འདྲ་བའི་བཟའ་བཏུང་ཁེ་ལས་དེ་བས་མང་བ་ཧུར་ཐག་ཞུགས་སུ་བཅུག་ནས་བཟའ་བཏུང་གི་གདམ་ག་མང་བ་དང་ཞབས་ཞུ་རྒྱ་ཆེ་བའི་འགན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག“1+N”ཡི་ཞབས་ཞུའི་མ་ལག་སྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ། བཟའ་བཏུང་ཞབས་ཞུའི་རྨང་གཞིའི་ཐོག་སྟབས་བདེའི་ཚོང་ཁང་དང་སྤྲོ་གསེང་བྱ་ཡུལ་སོགས་ཞབས་ཞུའི་དྲ་ཚུགས་མཉམ་འགུལ་བྱས་ཏེ་འཐུང་ཆུ་མཁོ་སྤྲོད་དང་། ལག་ཐོགས་ཁ་པར་ལ་གློག་གསོག་པ། གནས་སྐབས་ངལ་གསོ་བ་སོགས་ལེ་ལག་ཚང་བའི་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་ལས་རྣམ་གསར་པའི་ངལ་རྩོལ་པར་གཅེས་སེམས་འཆང་བའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།