དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཚོགས་མིའི(འཐུས་མི)ཚོགས་ཆེན་ཐེངས་གཉིས་པ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིང་ཆེན་དེ་ཡོངས་སུ་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས་ཡོངས་སུ་ཁྱབ་ཅིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཀྲོའུ)8དང་རྫོང(གྲོང་ཁྱེར་དང་ཆུས)45ཡིས་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས་54བསྐྲུན་པ་དང་། ཚོགས་མི་ཁྲི་10ལྷག་ཙམ་བསྡུ་རུབ་བྱས་ཏེ“ཞིང་ཆེན—གྲོང་ཁྱེར(ཀྲོའུ)—རྫོང(གྲོང་ཁྱེར་དང་ཆུས)”བཅས་ཀྱི་རིམ་གསུམ་མཉམ་འགུལ་ལས་ཀའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་། མཚོ་སྔོན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཁག་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཏེ་ཞིང་ཆེན་དེ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྒུལ་ནུས་བསྣན་ཡོད།

    ལྷན་ཚོགས་བཙུགས་ནས་ལོ་གཅིག་སོང་རིང་། ཞིང་ཆེན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱི་ཡོངས་ལ་ཞབས་འདེགས། སེམས་ནུས་གཅིག་སྒྲིལ་བཅས་ཕྱོགས་བཞིའི་ཐད་གནད་སྨིན་ཤུགས་འདོན་བྱས་ནས་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་ཞིང་ཆེན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་ཨང་དང་པོར་བཞག་སྟེ། “ཏང་འཛུགས་སྐྱོང་དང་འཐབ་ཕྱོགས་གཅིག་གྱུར”ཟུང་འབྲེལ་གྱི་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་རྒྱ་ཆེའི་རིམ་གྲས་གསར་པའི་མི་སྣར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་པོ་བསྐྲུན་ཡོད།

    རྩ་འཛུགས་འཛུགས་སྐྱོང་ཐད། རྩ་འཛུགས་ཀྱི་མ་ལག་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་རིམ་གྲས་གསར་པའི་མཐུན་འབྲེལ་རྩ་འཛུགས་ཡོངས་སུ་ཁྱབ་པ་མ་ཟད། དེ་བས་དངོས་སྒྲུབ་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཡན་ལག་ལྷན་ཚོགས་བཙུགས་པ་བརྒྱུད། “ཆབ་སྲིད་ལ་བརྟེན་ནས་ལྷན་ཚོགས་འཛུགས་པ་དང་། ཞབས་ཞུར་བརྟེན་ནས་ལྷན་ཚོགས་དར་བ། བྱེད་སྒོ་སྤེལ་ནས་ལྷན་ཚོགས་སྟོབས་ཆེར་གཏོང་བ”བཅས་ཀྱི་ཕྱོགས་སྟོན་གསལ་པོ་བཙུགས་ཏེ། ཞིང་ཆེན་དེ་ཡོངས་ཀྱི་རིམ་གྲས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི“བསམ་ཇུས་གཅིག”གི་གནས་སྟངས་སྔར་བས་བརྟན་དུ་བཏང་ཡོད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་སུ་ཞིང་ཆེན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་དམ་པོར་གཞིགས་ནས་རང་འགུལ་ངང་ལས་དོན་བསྒྲུབས་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་སྐོར་སྲུང་འཐབ་ས་དང་པོ་ནས་འཛམ་གླིང་གི་རང་བྱུང་སྲུང་སྐྱོང་ཚོགས་ཆེན་བར་གྱི“མཚོ་སྔོན་གྱི་ཉམས་མྱོང”མཉམ་སྤྱོད་ལ་བརྟེན་ནས། “མཛེས་པའི་མཚོ་སྔོན”ཞེས་པའི་སྤུས་རྟགས་བཏོད་དེ་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བ་དང་དེ་བཞིན་སྤྱི་ཕན་རོགས་སྐྱོར་སོགས་ལག་ལེན་བྱེད་སྒོ་སྤེལ་བའི་བར་གྱི་ལས་དོན་ཁག་འབེན་གཏད་གནད་སྨིན་དང་བྱེད་ཐབས་ཏན་ཏིག་ཡོད་པ་དེས་མཚོ་སྔོན་གྱི་རིམ་གྲས་གསར་པའི་མི་སྣའི་དུས་རབས་ཀྱི་ཉམས་འགྱུར་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད།

    དེ་དང་ཆབས་ཅིག ཞིང་ཆེན་གྱི་རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཚོགས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “རིམ་གྲས་གསར་པའི་མཐུན་འབྲེལ་ལྷན་ཚོགས་དང་། དངུལ་རྩ། ཁྲལ་དོན། བཅའ་ཁྲིམས”བཅས་ཟུང་དུ་འབྲེལ་བའི་སྣ་མང་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་རྒྱུན་རྣམ་ཅན་གྱི་བརྟག་ཞིབ་འདྲི་སྐྱོད་དང་སྣ་མང་ཕུན་སུམ་ཚོགས་པའི་མཐུན་འབྲེལ་སྤེལ་རེས་བྱེད་སྒོ་བརྒྱུད། མི་སེམས་དྲོས་པ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། ས་ཁོངས་ལས་སྒྲོལ་བའི་སྤེལ་རེས་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བཏང་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་ཆེད་ཕྱི་ཕྱོགས་ཀྱི་ཐོན་ཁུངས་དང་བློ་གྲོས་ཀྱི་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྡུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།