སྤུ་ཧྲེང་གི་ལོ་གསར་རྣམ་པ་ཟབ།

ཟླ་12ཚེས་20ཉིན(བོད་ཟླ་11ཚེས་1ཉིན)ནི་སྤུ་ཧྲེང་ལོ་གསར་གྱི་ཉིན་དང་པོ་ཡིན་པས། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གང་སར་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། འདི་ནི་སྤུ་ཧྲེང་གི་ལོ་གསར་ཉིན་མོར་ཞི་བདེ་གྲོང་ཚོའི་གྲོང་མི་རྟ་མགྲིན་ཡེ་ཤེས་ཀྱི་ནང་མི་ཚོས་ལུས་ལ་སྤུ་ཧྲེང་གི་སྲོལ་རྒྱུན་གྱོན་གོས་ལེགས་པར་གྱོན་ཞིང་གསོལ་ལྕོག་སྟེང་དུ་ཟས་སྣ་འདྲ་མིན་སྣ་ཚོགས་བསྒྲིགས་ཏེ་ལྷན་འཛོམས་དགའ་སྐྱིད་ཀྱི་ལོ་གསར་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།