གཞིས་རྩེའི་སྐྱེལ་འདྲེན་ལས་གཉེར་འཁོར་རིགས་ཀྱི་གློག་རྫས་བརྗེ་བའི་ས་ཚིགས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་སྐྱེལ་འདྲེན་ལས་གཉེར་འཁོར་རིགས་ཀྱི་གློག་རྫས་བརྗེ་བའི་ས་ཚིགས་ཐོག་མ་དེ་འགྲམ་ཁུལ་གསར་དུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། གློག་རྫས་བརྗེ་བའི་ས་ཚིགས་དེས་ཉིན་རེར་གློག་རྫས་ཐེངས་540བརྗེ་ཐུབ་པ་དང་། མང་ཤོས་སྐབས་སུ་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་200ལ་ནུས་ཕྱོད་ཆེ་ལ་བརྟན་པའི་གློག་རྫས་བརྗེ་བའི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད།
གློག་གསོག་དང་གློག་རྫས་བརྗེ་བའི་ས་ཚིགས་ནི་གློག་སྒུལ་རླངས་འཁོར་ལ་གློག་ནུས་མཁོ་སྤྲོད་ཞབས་ཞུ་སྒྲུབ་པའི་ཆེད་ལས་ཀྱི་སྒྲིག་བཀོད་ཅིག་ཡིན་པ་དང་དེའི་བྱེད་ནུས་གཙོ་བོར་གློག་གསོག་དང་གློག་རྫས་བརྗེ་བ་གཉིས་ཚུད་ཡོད། གློག་རྫས་བརྗེ་བའི་ས་ཚིགས་ཀྱི་གཉེར་སྐྱོང་བྱེད་པོ་དབྱི་དབྱི་མཉམ་འབྲེལ་ཚན་རྩལ་ཚད་ཡོད་ཀུང་སིས་ས་མཐོའི་རླུང་གནོན་དམའ་བ་དང་། དྲོད་ཚད་དམའ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་སོགས་དམིགས་བསལ་ཁོར་ཡུལ་ལ་དམིགས་ཏེ། གློག་རྫས་བརྗེ་བའི་ལག་རྩལ་ཞིབ་འཇུག་དང་གསར་བཟོ་བྱས་པས། གློག་རྫས་བརྗེ་བར་མགྱོགས་ཤོས་སུ་སྐར་ཆ་60ལས་འགོར་གྱི་མེད་ཅིང་། འཁོར་རིགས་ཀྱི་ཉིན་རེའི་གཉེར་སྐྱོང་དུས་ཚོད་སྐར་མ་90མང་དུ་གཏོང་བ་དང་སྤྱི་ལེ་45ཡིས་མང་བ་རྒྱུག་ཐུབ་པར་འགན་ལེན་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།