དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ལུས་རྩལ་པར་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ཁྲོད་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-22

    ཚེས་19ཉིན། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་15ཉིན་ནས་19ཉིན་བར། 2025ལོའི“པོ་ཤིས་ཧོ་བུམ་པའི”རྒྱལ་ཡོངས་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ཅི་ལིན་དུ་གཉེར་ཞིང་། ཁྱོན་བསྡོམས་ཧེ་ལུང་ཅང་དང་ཅི་ལིན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ནས་ཡོང་བའི་ལུས་རྩལ་པ་139འགྲན་བསྡུར་ལ་ཞུགས་ཡོད་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་16འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

    འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཡོངས་བསྒྲགས་ཚོགས་ཆུང་གི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་དང་། མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར། མི་སྒེར་གྱི་ཀླུང་རྒྱུག་འགྲན་བསྡུར་རྣམ་གྲངས་བཅས་ཀྱི་ཨང་དང་པོ་དང་ཐག་ཐུང་རྣམ་གྲངས་ཀྱི་ཨང་གཉིས་པ་ཐོབ་པ་དང་། ཀུན་བཟང་རྣམ་རྒྱལ་ལ་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་རྒྱུག་མཐུད་རྣམ་གྲངས་ཀྱི་ཨང་དང་པོ་དང་མི་སྒེར་གྱི་ཀླུང་རྒྱུག་དང་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ། གཡུ་སྒྲོན་ལྷ་མོར་བུད་མེད་ཡོངས་བསྒྲགས་ཚོགས་ཆུང་གི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ། རིག་འཛིན་ཆོས་འཛོམས་ལ་བུད་མེད་U14ཚོགས་ཆུང་གི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་དང་ཐག་ཐུང་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།