ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་འགྲམ་འགག་སྒོ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་8.48ཟིན་པ།

ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་འགྲམ་འགག་སྒོ་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་8.48ཟིན་ཏེ་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་27.1ཟིན་ཡོད་པ་རེད། རྒྱལ་ཐོན་ནུས་གསར་རླངས་འཁོར་མཚོན་བྱེད་དུ་བྱས་པའི་ཐོན་རྫས“དཔེ་གསར་་གསུམ”ཕྱིར་གཏོང་གྲངས་གཞི་མངོན་གསལ་ལྷག་པར་དོད་ཅིང་། དེའི་ནང་ནུས་གསར་རླངས་འཁོར་ཕྱིར་གཏོང་གི་རིན་ཐང་སྒོར་དུང་ཕྱུར་5.75ཟིན་ནས་དུས་མཚུངས་ལས་10.79%འཕར་བ་དེ་ཐོག་ནས་འགྲམ་འགག་སྒོའི་འགག་སྒྲོལ་ལས་ཕྱོད་དང་ཉོ་ཚོང་གི་གསོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་མངོན་ཡོད། འདི་ནི་ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་གཉའ་ནང་འགག་སྒོ་ལས་ཁུངས་ཀྱི་ལས་མིས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་སྐྱེལ་འདྲེན་དངོས་ཟོག་ལ་ཞིབ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།