དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་གི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-22

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས〉》ལག་བསྟར་བྱ་ཐབས》(གཤམ་དུ་བྱ་ཐབས་ཞེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་བྱ་ཐབས་དེ་2026ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔའི་བྱ་ཐབས་2016ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་པ་དང་། རང་ལྗོངས་ཀྱི་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ནུས་ལྡན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་མོད། འོན་ཀྱང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་ཐད་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པ་ཐོན་ནས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་ལ་གནད་དོན་གསར་པ་དང་འགྲན་སློང་གསར་པ་འཕྲད་པ་མ་ཟད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》དང་འབྲེལ་མཐུད་བྱས་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་དེ་རང་ལྗོངས་སུ་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་ཡང་བྱེད་དགོས་པས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས〉》ལག་བསྟར་བྱ་ཐབས》ལ་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་པ་རེད།

    བཟོ་བཅོས་བརྒྱབ་རྗེས་ཀྱི་བྱ་ཐབས་ལ་ཁྱོན་ལེའུ་7དང་དོན་ཚན་40ཡོད་ཅིང་། དེའི་ནང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བྱེད་པའི་གཞི་རྩའི་བླང་བྱ་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་མང་དུ་གཏོང་བ་དང་ཉེས་གསོག་སྔོན་འགོག་དང་སློབ་གསོའི་ནང་དོན་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས། སློབ་གྲྭ ཁྱིམ་ཚང་སོགས་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་པ་དང་ཆབས་ཅིག བྱེད་སྤྱོད་ངན་པར་ཐེ་གཏོགས་བྱེད་པ་དང་། བྱེད་སྤྱོད་ངན་པ་ཚབས་ཆེན་ཡོ་བསྲང་བྱེད་པ། བསྐྱར་དུ་ཉེས་པ་གསོག་པ་སྔོན་འགོག་བཅས་བྱེད་པའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྤྱིའི་གྲུབ་ཆ་ལེགས་སུ་བཏང་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས“ད་ཐེངས་ཀྱི་བཟོ་བཅོས་ལས་རང་ལྗོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་ངང་ནས་འབྲེལ་ཡོད་ལམ་ལུཌ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་གནད་དོན་དངོས་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བཀོལ་སྤྱོད་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།