དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འཁྲུག་ཆ་དོད་པའི་དགུ་ཐུག་དགོང་མོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-21

    འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་འཇམ་དབྱངས་སྒྲོལ་མའི་ནང་མིའི་དྲན་རྟེན་མཉམ་པར་ཡིན་པ།

    འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཡུལ་མི་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་དགུ་ཐུག་གི་སྟོན་མོར་རོལ་བཞིན་པ།

    ཟླ་12ཚེས་18ཉིན་ནི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་དགུ་རེད། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མང་ཚོགས་ཚོས་དགུ་ཐུག་བཏུངས་ནས་ལོ་གསར་བསུས་པ་རེད། དགུ་ཐུག་ནི་ཐུག་པའི་ནང་ཟས་སྣ་མི་འདྲ་བ་དགུ་བླུགས་ཡོད་པའི་དབང་གིས་དགུ་ཐུག་ཅེས་དང་། ཡང་ཚེས་ཉི་ཤུ་དགུའི་དགོང་མོའི་ཐུག་པ་ཡིན་པའི་དབང་གིས་དགུ་ཐུག་ཅེས་ཐོགས་པར་བཤད། ཉིན་དེའི་དགོང་མོར། དུད་ཚང་ཁག་གི་ནང་མི་མཉམ་འཛོམས་བྱས་ནས་དགུ་ཐུག་འཐུང་སྲོལ་ཡོད།

    སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར། འཇམ་དབྱངས་སྒྲོལ་མའི་ནང་མི་ཚང་མས་ལས་བྲེལ་ཆེན་པོས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཐབ་སྟེང་གི་དགུ་ཐུག་ནས་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། འཇམ་དབྱངས་སྒྲོལ་མས། “ད་ཆ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་ཇེ་དགའ་ཇེ་སྐྱིད་རེད། ལོ་རེ་བཞིན་ལོ་གསར་ཡང་གྲ་རྒྱས་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།