དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར།

    རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་37.27དབོར་བ།

    དུས་མཚུངས་ལས་2.7%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-21

    ▶ ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་37.27དབོར་བ་དེ་དུས་མཚུངས་ལས་2.7%འཕར་བ་དང་། ཉིན་རེར་ཆ་སྙོམས་བྱས་ན་དངོས་ཟོག་བླུགས་པའི་མེ་འཁོར་ཁྲི་18.7ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད་པ་རེད།

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་37.27དབོར་བ་དེ་དུས་མཚུངས་ལས་2.7%འཕར་བ་དང་། ཉིན་རེར་ཆ་སྙོམས་བྱས་ན་དངོས་ཟོག་བླུགས་པའི་མེ་འཁོར་ཁྲི་18.7ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད་པ་རེད།

    ཟོག་འགྲུལ་ཐོན་རྫས་མཁོ་སྤྲོད་གནད་སྨིན་དང་ཕན་འབྲས་ཆེ་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ལྕགས་ལམ་དང་ཆུ་ལམ་མཉམ་དུ་ཚད་ལྡན་དངོས་ཟོག་དོས་སྒམ་ཁྲི་1578.9དབོར་བ་དེ་དུས་མཚུངས་ལས་15.4%འཕར་བ་དང་། ལྕགས་ལམ་དང་ཆུ་ལམ་མཉམ་དུ“མངགས་ཐོ་གཅིག་རྣམ་པའི”ཟོག་འགྲུལ་ཐོན་རྫས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་3.4མངགས་སྐྱེལ་བྱས་པ་རེད།

    ཟོག་འགྲུལ་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། ཟོག་འགྲུལ་གྱིས་འགན་གཙང་ལེན་པའི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རིམ་རྩིས་བརྒྱབ་ན་ཟོག་འགྲུལ་གྱིས་དངོས་ཟོག་ཏུན་དུང་ཕྱུར་14.0དབོར་འདྲེན་བྱེད་པའི་འགན་གཙང་གན་རྒྱ་བཞག་ཡོད། རླངས་འཁོར་ཁ་ལོ་བའི་ཁེར་རྐྱང་ཚོང་དུད་དང་རླངས་འཁོར་སྐྱེལ་འདྲེན་ཁེ་ལས་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེས་ལས་སྒོའི་ནང་ཞུགས་པར་ཞབས་འདེགས་ཞུ་བའི་ཀྲུང་གོ་ལྕགས་ལམ་དྲ་བའི་ཟོག་འདྲེན་ཟོག་འགྲུལ་ལས་སྟེགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བར། དེའི་ནང་ཞུགས་མཁན་རླངས་འཁོར་ཁྲི་17.8ཟིན་ནས། སྤྱོད་མཁན་ལ་ལྕགས་ལམ་གྱི་སྣེ་གཉིས་ནས་སྐྱེལ་འདྲེན་ཞབས་ཞུ་བསྒྲུབས་ཏེ་བརྒྱུད་རིམ་ཧྲིལ་པོའི་ཟོག་འགྲུལ་དེ་བས་སྟབས་བདེ་བ་དང་ཕན་འབྲས་ཐོན་པར་བྱས་ཡོད།

    རྒྱལ་སྒྲོལ་དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད་བརྟན་པོ་ཐུབ་ཅིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་མེ་འཁོར་གཏོང་ཐེངས་ཁྲི་3.12ཟིན་པ་དེ་དུས་མཚུངས་ལས་9.0% འཕར་བ་དང་། དེའི་ནང་ཟླ་བཅུ་གཅིག་པར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་1852བཏང་བ་དེ་དུས་མཚུངས་ལས་21%འཕར་ཏེ། ཟླ་རྐྱང་པའི་ནང་མེ་འཁོར་གཏོང་གྲངས་ཀྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྒྲོལ་དངོས་ཟོག་མེ་འཁོར་གྱིས་དངོས་ཟོག་ཏུན་ཁྲི་498དབོར་བ་དེ་དུས་མཚུངས་ལས་15%འཕར་བ་དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་131དབོར་བ་དེ་དུས་མཚུངས་ལས་55%འཕར་ཡོད་པ་རེད།

    གཙོ་གནད་དངོས་ཟོག་སྐྱེལ་འདྲེན་ལ་འགན་སྲུང་གང་ལེགས་ཐུབ་ཅིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཁབ་ལྕགས་ལམ་ནས་བཙོ་སྦྱང་དངོས་ཟོག་དང་འབྲུ་རིགས་དབོར་ཚད་དུས་མཚུངས་ལས་8.5%དང་10.0%སོ་སོར་འཕར་ཡོད། ས་གནས་ཁག་གིས་དགུན་སྒྲོལ་ཐུབ་པར་རྒྱབ་སྐྱོར་བྱ་ཆེད། ཟླ་བཅུ་གཅིག་པའི་ཟླ་མཇུག་བར། རྒྱལ་ཡོངས་ལྕགས་ལམ་ཐད་གཏོང་གློག་ཁང་གི་རྡོ་སོལ་གསོག་ཚད་ཅུང་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པས། རྡོ་སོལ་གསོག་ཡུན་ཉིན་15མན་གྱི་གློག་ཁང་ལ་སྒུལ་རྣམ་གཙང་བཟོ་མངོན་འགྱུར་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།