དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཁག་246བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་སྙན་ཞུ(2025)ལས་མངོན་པར། 2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཁག་246བསྐྲུན་ཟིན་པ་དང་། རིམ་རྩིས་བརྒྱབ་ན་གྲངས་གཞིའི་ལྟེ་གནས་དང་འཕྲིན་གཏོང་སྦྲེལ་ཚུགས་སོགས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ལག་རྩལ་300ལྷག་ཙམ་ཁྱབ་གདལ་བཏང་ནས། སྔོན་ཐོན་དང་སྤྱོད་སྒོ་ཆེ་བའི་ལག་རྩལ་སྤྱོད་མགྱོགས་སུ་བཏང་ཡོད་པ་རེད།

    2024ལོར་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཁྱབ་ཁོངས་སུ་ཁེ་བེད་བདག་ཐོབ་ཡོངས་བསྒྲགས་རེ་ཞུ་བྱེད་ཚད་ཁ་གྲངས་ཁྲི་2.69གསར་དུ་འཕར་བ་དང་གསར་འཕར་དབང་སྤྲོད་བྱེད་ཚད་ཁ་གྲངས་6405ཟིན་ཡོད། ལྗང་མདོག་རྩིས་ནུས་དང་། ཐཱན་མེད་ཆ་འཕྲིན་འཕྲིན་གཏོང་དྲ་རྒྱ། རིག་ལྡན་ནུས་རྒྱུ། ལྗང་མདོག་རིག་སྐྲུན། སྐྱེ་ཁམས་ཁོར་ཡུག་རིག་ལྡན་བཅོས་སྐྱོང་། རིག་ནུས་ལ་བརྟེན་ནས་ཟོག་རོ་ཚུར་བསྡུ་དང་བེད་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་ཀྱི་སྒུལ་ནུས་མགྱོགས་མྱུར་བཏོད་ཡོད། 2024ལོའི་ལོ་མཇུག་བར། ཁྱབ་བསྒྲགས་བྱས་ཟིན་པ་དང་བཟོ་བཞིན་པའི་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་170ལྷག་ཙམ་ལོན་པ་དེ་དག་གྲངས་འཛིན་ཐོན་ལས་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་། གྲངས་འཛིན་ལ་བརྟེན་ནས་སྲོལ་རྒྱུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་མཐུན་རྐྱེན་སྦྱོར་བ། སྐྱེ་ཁམས་ཁོར་ཡུག་གྲངས་འཛིན་ཅན་གྱི་བཅོས་སྐྱོང་། ལྗང་མདོག་རིག་ལྡན་གྲོང་ཁྱེར་སྐྲུན་པ་བཅས་རིགས་བཞི་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།