དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་དགེ་རྒན་གྱི་དོ་དམ་ཆ་འཕྲིན་མ་ལག་རིམ་སྤོར་བྱས་ནས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-21

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་17ཉིན། རྒྱལ་ཡོངས་ཀྱི་དགེ་རྒན་གྱི་དོ་དམ་ཆ་འཕྲིན་མ་ལག་རིམ་སྤོར་བྱས་ནས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཡོད། དགེ་རྒན་གྱི་མ་ལག་ཐད“གཅིག་གྱུར་བཀོད་སྒྲིག་དང་རིམ་མང་ཉེར་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་སློབ་གསོ་བཅོས་སྐྱོང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་གྲངས་གཞིའི་ཐོན་ཁུངས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭར་ཚད་གཞི་གཅིག་གྱུར་དང་། གྲངས་གཞི་གཅིག་སྡུད། ལས་སྒོ་མཐུན་སྦྱོར། ཞབས་ཞུ་སྟབས་བདེ་བཅས་ཀྱི་དགེ་རྒན་དོ་དམ་གྱི་གྲངས་འཛིན་རིག་ལྡན་ལས་སྟེགས་བསྐྲུན་ནས་དགེ་རྒན་གྱི་དོ་དམ་དང་ཆེད་དོན་ལས་སྒོ་སྣ་ཚོགས་སུ་ཁྱབ་པར་བྱས་ཏེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་མཐུན་རྐྱེན་སྦྱར་ཡོད།

    དགེ་རྒན་གྱི་མ་ལག་རིམ་སྤོར་ཐུབ་རྗེས། དགེ་རྒན་དོ་དམ་དང་། དགེ་རྒན་ལ་ཞབས་འདེགས་ཞུ་བ། ཆེད་དོན་ལས་སྒོ་དང་གྲངས་གཞི་དབྱེ་ཞིབ་བཅས་གཙོ་བོར་བྱེད་པའི་བཅས་ཀྱི་ནུས་པའི་སྒྲོམ་གཞི་ཆགས་ཏེ། གསར་གཏོད་དེ་མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོའི་ལག་རྩལ་ནང་མཉམ་འདྲེས་བྱེད་པ་དང་དགེ་རྒན་དཔུང་ཁག་གི་འཕེལ་རྒྱས་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས། ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་མ་ཟད། “ཀྲུང་གོའི་དགེ་རྒན”གྱི་བྱ་རིམ་ཆུང་ངུའི་དགེ་རྒན་ལ་ཕན་འདོགས་པའི་ཞབས་ཞུ་དང་ས་གནས་ཀྱི་དགེ་རྒན་ལ་ཕན་པའི་ཆེད་ཁུལ་སྐྲུན་པར་རམ་འདེགས་བྱས་ཏེ། དགེ་རྒན་ལ་ཕན་པའི་ཆ་འཕྲིན་བརྒྱུད་སྤྲོད་གནད་སྨིན་དང་མགྱོགས་མྱུར་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།