དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་ནས་རྡོ་སོལ་གཙང་མ་དང་ནུས་ཆེའི་སྒོ་ནས་སྤྱོད་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-21

    རྡོ་སོལ་ཐོན་ལས་དེ་དམའ་རིམ་ནས་རྩེར་སོན་དང་། རྡོ་སོལ་ཐོན་རྫས་དེ་དམའ་རིམ་འབུད་རྫས་ནས་རིན་ཐང་ཆེ་བའི་ཐོན་རྫས་སུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཟོ་འཕྲིན་པུའུ་དང་། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་ནུས་རྒྱུ་ཅུས་བཅས་དང་མཉམ་འབྲེལ་བྱས་ནས《རྡོ་སོལ་གཙང་མ་དང་ནུས་ཆེའི་སྒོ་ནས་སྤྱོད་པའི་གཙོ་གནད་ཁྱབ་ཁོངས་ཀྱི་ཚད་གཞི་དང་གཞི་རྩའི་ཆུ་ཚད(2025ལོའི)པར་གཞི》བཀྲམ་པ་རེད།

    《ཆུ་ཚད་2025ལོའི་པར་གཞི》ཡིས་ལས་རིགས་ཀྱི་ཁེ་ལས་ལ་དོན་དངོས་དང་ཕུགས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། རྡོ་སོལ་གཙང་མ་དང་ནུས་ཆེའི་སྒོ་ནས་བེད་སྤྱོད་དང་སྒྱུར་བཀོད་བྱེད་དགོས་པའི་རྣམ་གྲངས་ལ་ས་གནས་ཁག་གིས་གློག་ཤུགས་དང་ཚ་ནུས་མཁོ་སྤྲོད་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་སྒྱུར་བཀོད་རིམ་སྤོར་དང་མེད་པར་བཟོ་བའི་དུས་བཀག(སྤྱིར་ན་ལོ་3ལས་མི་བརྒལ་བ)དང་དེ་བཞིན་ལོ་འཁོར་གྱི་འཆར་གཞི་ཁ་གསལ་བཟོས་ནས་གཏན་འབེབས་ཀྱི་དུས་བཀག་ནང་གཞི་རྩའི་ཆུ་ཚད་ཡན་དུ་རིམ་སྤོར་བྱས་ཏེ། ཚད་གཞིའི་ཆུ་ཚད་དུ་སླེབས་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་དུས་བཀག་ལྟར་སྒྱུར་བཀོད་བྱེད་མི་ཐུབ་པའི་རྣམ་གྲངས་མེད་པར་བཟོ་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།