མཚོ་སྔོན་གྱིས་འཁོར་འབྲེལ་ཧྲིལ་པོའི་གསའ་སྲུང་སྐྱོབ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་བ།
ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྒྱུད་སྤེལ་ལྟེ་གནས(ཟི་ལིང་རྩི་ཤིང་ར་བ)ཀྱིས་རི་མཐོའི་སྐྱེ་ཁམས་ཁོ་ནར་ཡོད་པའི་གསའ་སྲུང་སྐྱོང་ལ་དམིགས་ནས། འཁོར་འབྲེལ་ཧྲིལ་པོའི་སྲུང་སྐྱོབ་མ་ལག་བསྐྲུན་པར་རིམ་རྩིས་བརྒྱབ་ན་གསའ་8སྐྱོབ་པ་དེའི་ནང་ནས་2བདེ་བླག་ངང་རི་ཐང་དུ་གློད་པ་སོགས་གྲུབ་འབྲས་མང་པོས་རྒྱལ་ནང་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཏེ། མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད།
རྒྱལ་ནང་གི་གསའ་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ལག་ལེན་ནུས་པ་ཆེ་ཤོས་དང་གྱོད་དཔེ་ཕུན་སུམ་ཚོགས་ཤོས་ཀྱི་སྒྲིག་གཞི་ཞིག་ཡིན་པའི་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་རྒྱུད་སྤེལ་ལྟེ་གནས་ཀྱིས་རི་ཐང་དུ་སྲུང་སྐྱོབ་དང་། སྨན་བཅོས། ཚན་ཞིབ་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་མ་ལག་ཆ་ཚང་ཞིག་བཏོད་ཡོད། 2021ལོའི་ཟླ་3པར། གསའ“ལིང་ཀྲེ”བདེ་བླག་ངང་སྐྱོབ་པ་དང་རི་ཐང་དུ་གློད་པ་དེ་རང་རྒྱལ་གྱི་སྲུང་སྐྱོབ་དང་། རི་ཐང་དུ་གློད་པ། ཚན་ཞིབ་དང་ལྟ་ཞིབ་ཚད་ལེན་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་དཔེ་སྟོན་གྱོད་དཔེར་ཐོག་མར་གྱུར་ཞིང་། སྲུང་སྐར་གྱི་སྐེ་སྒོར་བཏགས་པ་བརྒྱུད་རི་ཐང་གི་གནས་ཚུལ་ཤེས་རྟོགས་རྒྱུན་མཐུད་བྱུང་ནས་གསའ་ཡི་ཁེར་རྐྱང་བྱ་སྤྱོད་རིག་པ་སོགས་ཀྱི་ཞིབ་འཇུག་ལ་རྩ་ཆེའི་རྨང་གཞིའི་དཔྱད་གཞི་མཁོ་འདོན་ཐུབ་སྟེ། སྡེར་ལྡན་སྲོག་ཆགས་ཆེ་རིགས་སྲུང་སྐྱོང་གསོ་རིག་དང་སྐྱེ་ཁམས་རིག་པའི་ཞིབ་འཇུག་གི་འབྲེལ་ཟམ་ཞིག་ཏུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྟེ་གནས་དེས་ད་དུང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོབ་དང་རི་ཐང་དུ་གློད་པའི་ལག་རྩལ་གྱི་ཚད་གཞི་བཟོས་ནས། རྒྱལ་ཡོངས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་དཔྱད་གཞིར་བཟུང་ཆོག་པའི་བཀོལ་སྤྱོད་མ་དཔེ་མཁོ་འདོན་བྱས་ཡོད། ལོ་མང་རིང་ལག་ལེན་བྱས་པ་བརྒྱུད། ལྟེ་གནས་ཀྱིས་ལུས་རྟགས་དང་། ཁྲག་རྒྱུན་ལུས་ཁམས་སྐྱེ་རྫས། བརྙན་པར་སོགས་ཕྱོགས་མང་པོ་ཚུད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་མཛོད་བརྒྱུད་རིམ་ལྡན་པའི་ངང་བཙུགས་ནས། སྲུང་སྐྱོབ་དང་གནས་སྤོ་སྲུང་སྐྱོང་གི་ཞིབ་འཇུག་ལ་གྲངས་གཞིའི་འདེགས་སྐྱོར་ཏན་ཏིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།