རྒྱལ་ཁབ་ཀྱིས་གམ་པའི་ལུག་གི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་ལ་ཞིབ་བཤེར་རྩིས་ལེན་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་ཐོག་མ་སྟེ། གམ་པའི་ལུག་གི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་ལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ནས་གཏན་འཁེལ་བྱུང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2021ལོའི་ཟླ་12པར་གྲབས་འཛུགས་བྱ་རྒྱུའི་ཆོག་མཆན་ཐོབ་ཚུན། གམ་པའི་ལུག་གི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་ཟུར་སྣོན་རིན་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་རམ་འདེགས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཏེ། 2024ལོར་གམ་པའི་ལུག་གི་ཐོན་རྫས་རིན་ཐང་སྒོར་ཁྲི་7340ཟིན་པ་དེ་2021ལོ་ལས་23.3%འཕར་ནས་འབྲེལ་ཡོད་ཐོན་ལས་དང་ཉེ་འཁོར་གྱི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།