འཛད་སྤྱོད་སྐྱ་ནམ་རྒྱས། ཉོ་ཚོང་འཁྲུག་ཆ་དོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་མང་པོ་ནས་སྐུལ་འདེད་བཏང་བ།
འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་འཆར་གཞི་བཟོས་པ་དང་། གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས་ཀྱིས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་གང་ཐུབ་བྱས་པ། ཚོང་དོན་མ་འཇོག་གཞི་གཅིག་ཅན་དང་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ཆོས་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་དམིགས་བསལ་ས་བབ་ཀྱི་ལེགས་ཆར་གཞིས་ཚུགས་ནས། འཛད་སྤྱོད་ཁྲོམ་ར་མུ་མཐུད་རྒྱ་ཆེར་བཏང་བ་དང་། ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་པ། ཕྱི་ཕྱོགས་སྒོ་དབྱེའི་ནུས་པ་རིམ་སྤོར་སོགས་ལྟེ་བའི་ཁྱབ་ཁོངས་སུ་གནད་སྨིན་ཤུགས་འདོན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བས། བོད་ཀྱི་དཔལ་འབྱོར་སྟོན་གྲངས་གཙོ་བོ་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། དམངས་འཚོ་ལེགས་གཏོང་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་སྲ་བརྟན་བཅས་ལ་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད།
འཛད་སྤྱོད་ཁྲོམ་ར་དར་ཞིང་རྒྱས་པ།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲང་ཆིང་ཁྲོམ་གཞུང་སྡེ་ཁུལ་ཁང་ཅང་ཁུལ་ཆུང་དུ་སྡོད་མཁན་བྱམས་པ་དགེ་ལེགས་ཉིན་ལྟར་ཚལ་སོས་པ་ཉོ་བར་འགྲོ་གི་ཡོད། ཚལ་ཉོས་རྗེས་ཁོང་གིས་རྟག་ཏུ་ཉེ་འགྲམ་དུ་འཆམ་འཆམ་དུ་འགྲོ་བ་དང་། སྐབས་རེ་ལྡེ་མིག་བཟོ་བ་དང་སྐབས་རེ་ལྷམ་བཟོ་རྒྱག་པ་སོགས་བྱས་ནས། འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་ཀྱི་ཡོད།
གྲོང་མིའི་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པ་ལས་ཆབ་མདོ་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་རིམ་པའི་སྐར་མ་བཅོ་ལྔ་ཡི་དམངས་ཕན་འཚོ་བའི་ཁུལ་གྱི་ཚོད་ལྟའི་ལས་དོན་ནང་བཅུག་ཡོད། ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་ཆེན་ཁྲོམ་གཞུང་དང་ཨོ་རོང་ཁྲོམ་གཞུང་སོགས་ས་ཁོངས་སུ་སིལ་ཚོང་དང་སྡེབ་ཚོང་སོགས་ཚོང་ལས་དྲ་ཚུགས་སྣ་ཚོགས་691གཅིག་ཏུ་བསྡུས་ནས་སྣ་མང་ཅན་གྱི་དམངས་ཕན་ཞབས་ཞུའི་ལས་རྣམ་བཏོད་དེ། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྣ་ཚོགས་སྐོང་བཞིན་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱི་གྲོང་ཁྱེར་5རྒྱལ་ཡོངས་ཀྱི་སྐར་མ་15ཡི་དམངས་ཕན་འཚོ་བའི་ཁུལ་གྱི་ཚོད་ལྟའི་ལས་དོན་ནང་བཅུག་པ་དང་ཆུས་རིམ་པའི་སྐར་མ་15ཡི་དམངས་ཕན་འཚོ་བའི་ཁུལ་10དང་། ཆུས་རིམ་པའི་རིག་ནུས་ཚོང་ཁང་5 ཆུས་རིམ་པའི་ཁྱད་ལྡན་རྐང་ཐང་ཁྲོམ་གཞུང་3བཅས་ལ་ཞིབ་དཔྱད་གཏན་འཁེལ་བྱས་ཤིང་། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་དང་། དེ་བཞིན་ཁྱད་ལྡན་མཚན་མོའི་ཁྲོམ་གཞུང་ཁུལ་དང་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་ཁག་30ལྷག་ཙམ་སྐྱེད་སྲིང་བྱས་ཡོད་པ་རེད།
ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་དར་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་པ་དེ་གནད་སྨིན་ནུས་ལྡན་གྱི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་དངོས་སྒྲུབ་བྱ་ཐབས་ལས་བྱུང་བ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་གཏན་འཁེལ་བྱས་པ་དང་། འཛད་སྤྱོད་རྒྱ་ཆེར་དང་དེར་སྐུལ་འདེད་གཏོང་བ་། དེ་བཞིན་ཕུད་འགྲེམ་དཔལ་འབྱོར་དང་བཟའ་བཏུང་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་བཏོན་པ། འཛད་རྫས་རྙིང་པ་གསར་བརྗེ་ལ་སྐུལ་འདེད་ཏན་ཏིག་བཏང་བ། འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར“དཔུང་གཤིབ་མཉམ་སྐྱོད་དང་གྲོང་གསེབ་དེ་བས་མགྱོགས་པའི”རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།
འགྲོ་རྒྱུག་དྲ་བ་ནུས་ཆེའི་ངང་ཤར་གཏོང་ཐུབ་པ།
“དྲ་ཐོག་ནས་ཉོས་པའི་དངོས་པོ་ཉིན་དེ་རང་ལ་འབྱོར་གྱི་ཡོད”ཅེས་པའི་སྐད་ཆ་དེ་ལོ་5ཡི་གོང་དུ་ཡིན་ཚེ་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད་མི་ཕོད་མོད། འོན་ཀྱང་ད་ཆ་ལྷ་ས་བའི་རྒྱུན་ལྡན་དུ་གྱུར་ཡོད།
2021ལོར། རང་སྐྱོང་ལྗོངས་རིམ་པའི་སྤྱི་པའི་ཟོག་འགྲུལ་མཛོད་འཇུག་སྡེབ་སྐྱེལ་ལྟེ་གནས་ལྷ་སར་སྤྱོད་འགོ་ཚུགས་ཤིང་། མཛོད་འཇུག་ཚོང་ཟོག་སྣ་ཁ་ཁྲི་7ཙམ་དང་མཛོད་འཇུག་བྱེད་ཚད་ཁྲི་50ལྷག་ཙམ་ཟིན་ནས་ཉིན་རེར་ཆ་སྙོམས་ཚོང་ཟོག་ཁྲི་གཉིས་ཡན་ཕྱི་ཕྱོགས་ལ་སྐྱེལ་ཐུབ་པ་དང་ལྷ་སར“ཉིན་དེ་རང་ལ་འབྱོར་གྱི་ཡོད”
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱིས་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་15ཙམ་བསྡུ་སྒྲིལ་བྱས་ཏེ་གྲང་ཕྲེང་མཛོད་འཇུག་སྒྲིག་བཀོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་སྦྲེལ་ཚིགས། རིག་ནུས་ཟོག་འགྲུལ་ལྟེ་གནས་བཅས་བསྐྲུན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། མིག་སྔར། ས་ཁོངས་སྒྲོལ་བའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་8བསྐྲུན་ཟིན་པ་དེ་དག་ཉིང་ཁྲི་དང་ནག་ཆུ་སོགས་གྲོང་ཁྱེར་དང་ས་ཁུལ་ལ་ཁྱབ་ནས་བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་སོས་ཉར་ཐོན་རྫས“སོས་ཉར་དཀའ་བ་དང་སྐྱེལ་འདྲེན་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། ཐོན་རྫས་འཕྲོ་བརླག་འགྲོ་ཚད་སྲོལ་རྒྱུན་སྐྱེལ་འདྲེན་གྱི་30%ནས་8%བར་ཆག་ཡོད། ལྷ་ས་ལྟེ་བར་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་6སྦྲེལ་ཚིགས་སུ་བྱེད་པ། རྫོང(ཆུས་དང་གྲོང་ཁྱེར)74ལ་ཁྱབ་འགྱེད་ཐུབ་པ་བཅས་དང་དེ་བཞིན་ཤང་དང་གྲོང་རྡལ་གཙོ་བོའི་ས་ཁོངས་ཧྲིལ་པོའི་ཚོང་དོན་འཁོར་རྒྱུག་དྲ་རྒྱ་རགས་ཙམ་བསྐྲུན་ཡོད་པ་རེད།
རང་ལྗོངས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲུལ་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་ཚོང་དོན་འཁོར་རྒྱུག་མ་ལག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་བཏོན་ནས“རྩེ་རིམ་ཇུས་འགོད་དང་། ཆེད་དོན་སྲིད་ཇུས། དོན་འཁྱོལ་ཞིབ་སྲོལ”བཅས་ཟུང་དུ་འབྲེལ་བའི་སྲིད་ཇུས་ཀྱི་གདུབ་ཟུམ་ཆགས་པ་དང“འཛད་རྫས་གྲོང་ཚོར་སྐྱེལ་བ་དང་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་གཏོང་བའི”ཕྱོགས་གཉིས་འཁོར་རྒྱུག་དྲ་རྒྱ་བཙུགས་ཏེ་ཚོང་དོན་ཟོག་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད།
གྲངས་གཞི་ལས་མངོན་པར། མིག་སྔར། ལྗོངས་ཡོངས་སུ་མྱུར་སྐྱེལ་ཁེ་ལས་123གྱིས་སྦྲག་སྲིད་མ་ལག་དང་མཉམ་ལས་བྱས་ཏེ་ཐག་རིང་ལུང་ཁུག་རྫོང་ཁོངས་སུ“སྤྱི་པའི་འགྲིམ་འགྲུལ་གྱིས་དངོས་ཟོག་འཁྱེར་བ”དང“སྦྲག་སྲིད་ཀྱིས་ཚབ་སྤྲོད་བྱེད་པའི”ལམ་ཐིག་200ལྷག་ཙམ་བཏོད་པས་ཐག་རིང་ལུང་ཁུག་ས་ཁུལ་དུ་མྱུར་སྐྱེལ“ཉིན་བཞིའི་ནང་འབྱོར་བའི”གོ་ཆོད་དུས་ཡུན་གཞི་རྩའི་ཆ་ནས་ཚད་བརྒལ་བྱུང་སྟེ་དེ་སྔའི“ཟླ་ཕྱེད་ནང་འབྱོར་བའི”རྣམ་པར་འགྱུར་ལྡོག་བྱུང་ཡོད་པ་རེད།
ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཇེ་ཆེར་བཏང་བ།
2025ལོའི་ཟླ་5ཚེས་9ཉིན། ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཚོང་ཐོན་ལས་གླིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཞིབ་བཤེར་རྩིས་ལེན་བྱས་ནས་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་དྲ་ཚོང་ཐོན་ལས་གླིང་ཞིག་ཡིན་པའི་ངོས་ནས་ཐོན་ལས་གླིང་ལ་ད་དུང་སྨི་ངོས་གྲུ་1800ཡོད་པའི་ནེ་པ་ལའི་ཕྱི་རྒྱལ་གྱི་མཛོད་ཁང་ཞིག་ཡོད་པ་དང་། “རྒྱལ་ནང་གི་དངོས་ཟོག་བསྡུ་རུབ་དང་། ལྷ་སར་བརྒྱུད་འདྲེན། ཕྱི་རྒྱལ་གྱི་མཛོད་ཁང་ལ་ཐད་འབྱོར་བཅས་ཟུང་དུ་འབྲེལ་བའི”རིམ་གསུམ་ཟོག་འགྲུལ་དྲ་རྒྱ་བཙུགས་པས་ཟོག་འགྲུལ་གྱི་ལས་ཕྱོད་50%མཐོ་རུ་ཕྱིན་པ་དང་ཕྱོགས་བསྡུས་མ་གནས་20%ཆག་སྟེ“བོད་རྟགས་ཅན”གྱི་ཐོན་རྫས་ལ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ལྡན་པར་བྱས་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱིས“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན”འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ་འགག་སྒོའི་སྤུས་ཚད་མཐོར་གཏོང་དང་། ཚོང་དོན་རིམ་སྤོར། ལས་རྣམ་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་རྣམ་པ་ཞིག་མགྱོགས་པོ་ཆགས་པར་བྱས་ཡོད། ད་ཆ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ལ་ཕྱི་ཕྱོགས་ཚོང་དོན་ལས་སྒོ་ཁྱོན་ཡོངས་ལ་ཁྱབ་པ་དང་། བལ་དང་ཁུ་ལུ་དང་བོད་ཀྱི་ཆུ་བཟང་སོགས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ། ཚོང་དོན་རོགས་ཟླའི་གྲངས་འབོར་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་བར་མང་དུ་སོང་ཡོད་པ་རེད།
གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནི་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་ཟོག་འགྲུལ་ལྟེ་གནས་ཤིག་ཡིན་པ་དང་། “ཐེངས་གཅིག་ལ་སྒོ་ཁྲལ་སྙན་ཞུ་འབུལ་བ་དང་། ཐེངས་གཅིག་ལ་བརྟག་ཞིབ་བྱེད་པ། ཐེངས་གཅིག་ལ་ཕྱིར་གཏོང་བྱེད་པ”བཅས་ཀྱི་དངོས་ཟོག་འགག་སྒྲོལ་བྱེད་སྟངས་བཟོས་པ་དེས་དུས་ཐུང་སྐར་མ་ཁ་ཤས་ནང་བརྒྱུད་རིམ་ཚང་མ་ལེགས་སྒྲུབ་ཐུབ་སྟེ། ཕྱིར་གཏོང་ཚོང་ཟོག“ཁུལ(གྲུ་ཁ)ལ་བརྟག་ཞིབ་དང་འགག་སྒོ་ཤར་གཏོང”མངོན་འགྱུར་བྱུང་ནས་ཟོག་འགྲུལ་སྐྱེལ་འདྲེན་གྱི་ལས་ཆོད་ཆེ་རུ་ཆེས་ཆེར་ཕྱིན་ཡོད་པ་རེད།
སྒོ་དབྱེ་ནི“ཕྱིར་སྐྱོད་པ”ཙམ་མ་ཟད། ཆུ་ཚད་དེ་བས་མཐོ་བའི“ནང་འདྲེན”བྱེད་པ་ཞིག་ཀྱང་རེད། ལྷ་སར་རང་ལྗོངས་ཀྱི“རྒྱལ་སྒྲོལ་དྲ་ཚོང་1210ཡི་དྲ་ཐོག་ཉོ་སྒྲུབ་ཀྱི་ཁྲལ་སྲུང་རྣམ་པ་དང་དངོས་གཞིའི་ཚོང་ཁང་དུ་སིལ་ཚོང་གསར་པ་ཟུང་འབྲེལ”གྱི་གཉེར་སྐྱོང་རྣམ་པ་སྤྱད་པའི་རྒྱལ་སྒྲོལ་ཚོང་ཟོག་རྩེ་གྲ་འགྲེམས་ཚོང་ལྟེ་གནས་ཏེ། ལྷ་སའི་ཁྲལ་སྲུང་རྒྱལ་སྒྲོལ་ཚོང་ཟོག་ལྟེ་གནས་ཚོང་ཁང་བཙུགས་པར་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པར”ཕྱིར་མིག་ལྟ་སྐབས་གྲུབ་འབྲས་རེ་རེ་ལས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་མངོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། དམངས་འཚོ་རྨང་གཞིར་བྱེད་པ་དང་། གསར་གཏོད་གཙོ་བོར་བྱེད་པ། སྒོ་དབྱེ་རྣམ་པར་བྱེད་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་གཏོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།