སྟོབས་ཤུགས་གཅིག་སྒྲིལ་གྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་གནང་བ།
ཟླ་12ཚེས་15ཉིན། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གནད་ལ་འཁེལ་ཞིང་དགོངས་པ་གཏིང་ཟབ་པ་དང་བརྩེ་སེམས་ཟབ་མོ་ལྡན་པས། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་སྟབས། སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་གྱི་ཡིན་ཞེས་བརྗོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པར་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ལེགས་སུ་གཏོང་རིང་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་། ལས་འགན་དང་འགན་འཁྲི། ཐབས་ལམ་དང་ཐབས་ཤེས་བཅས་གསལ་བཤད་གཏིང་ཟབ་གནང་ཡོད”ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་ལོ་ཆུང་པུའི་པུའུ་ཀྲང་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ལི་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས“གུང་གཞོན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཡོད་པ་བཅས་ཀྱི་སྒོ་ནས་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལོ་ཆུང་བྱིས་པས་གསར་བརྗེའི་ས་བོན་དང་། ཀྲུང་ཧྭའི་རིག་གནས། འབད་འཐབ་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བརྗོད།
ཏ་ལེན་མཚོ་དོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཆུས་ཅན་ཝུའུ་ཡིས། དུས་བབ་གསར་པའི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་ཁྱད་ཆོས་གསར་པ་དང་ཆོས་ཉིད་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་སྤྱོད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཡག་པོ་གཏོང་དགོས་ཞེས་བརྗོད།
ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་ལུང་ཧུའེ་ཙུའུ་ཡན་སློབ་ཆུང་ནི་ཅང་ཤིས་ཞིང་ཆེན་གྱི་གསར་བརྗེའི་ས་བོན་རྒྱུན་འཛིན་གྱི་དཔེ་སྟོན་སློབ་གྲྭ་ཞིག་ཡིན་ཞིང་། སློབ་སྤྱི་ཚའོ་ཙེང་མེན་གྱིས“ང་ཚོས་སློབ་ཚན་མ་འཚོགས་གོང་གི་སྐར་མ་5ཡི་ནང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་མུ་མཐུད་རྒྱུན་རྣམ་ཅན་བཞིན་ཁྲིད་དེ། ཡུལ་བབ་དང་བསྟུན་ནས་གསར་བརྗེའི་མི་སྣ་གསོ་སྐྱོང་བྱེད་སྟངས་ལེགས་སུ་བཏང་ནས། སློབ་མར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རུ་འཇུག་གི་ཡིན”ཞེས་བརྗོད།
“ང་ཚོས་བློ་བརྟན་འགྱུར་མེད་ངང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ཡག་པོ་བསྒྲུབས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་ཕྲུ་གུ་ཚོའི་སེམས་ལ་འཇགས་པར་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་བདེ་ཐང་ཡར་ཐོན་དང་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་སྐྲུན་གྱི་ཡིན”ཞེས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཧྥན་ཁྲེང་ཆུས་དམའ་འབྲིང་དང་པོའི་སློབ་སྤྱི་ཀྲང་ཡུས་ཧྥེ་ཡིས་བརྗོད།
ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཧྲེང་ཀྲོའུ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་སློབ་གསོ་ཁྱབ་གདལ་ཁོའོ་ཡི་འགན་འཁུར་བ་ཐང་ཧུང་པོ་ཡིས། ལོ་རྒྱུས་རིག་གནས་རྒྱུན་འཛིན་གྱིས“ཐང་རྒྱལ་རབས་ཀྱི་སྙན་ངག་ལམ་བུ”དང“ཡུའེ་ཅུས་ཁྲང་ཞི་དང་བསམ་བློ་ཆབ་སྲིད་ཟུང་དུ་འབྲེལ་བ”སོགས་ཀྱི་མི་སྣ་གསོ་སྐྱོང་གི་སྤུས་རྟགས་བཏོད་དེ། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་གི་ཡིན་ཞེས་བརྗོད།
ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ལིན་ཀྲོའུ་གྲོང་ཁྱེར་གྱི“མི་བཟོས་གཙང་པོ”དར་དམར་ཆུ་ཡུར་དུ་ཡུལ་སྐོར་བས་ཁེངས་ཤིང་། ལིན་ཀྲོའུ་གྲོང་ཁྱེར་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་སློབ་གསོ་ལྟེ་གནས་ཀྱི་འགན་འཁུར་བ་ཝང་ཅུན་པོ་ཡིས། དར་དམར་ཆུ་ཡུར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཟུང་འབྲེལ་གྱིས་སློབ་མར་རྒྱུན་འཛིན་བྱེད་རིང་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་ཐུབ་པར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བརྗོད།
ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བ་དེ་ཕུལ་བྱུང་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་དང་ཁ་འབྲལ་ཐབས་མེད་ཅིང་། ལས་རིགས་ཁག་གི་མི་སྣས། སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་ནས་བུ་ཕྲུག་ཚོར་རིག་གནས་ཐོན་རྫས་ཡག་པོ་གསར་རྩོམ་དང་ཐོན་སྐྱེད་ཧུར་ཐག་བྱས་ཏེ། རིག་གནས་ཀྱི་ཞབས་འདེགས་ཡག་པོ་ཞུ་གི་ཡིན་ཞེས་བརྗོད།
“ང་ཚོས་ན་སོ་དར་ལ་མ་བབས་པའི་མིར་ཕུལ་བྱུང་གི་བསམ་པའི་རིག་གནས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་པ་བརྒྱུད། ཁོང་ཚོར་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་དེབ་ཡག་པོ་ཀློག་པར་ཁྲིད་སྟོན་བྱས་ཏེ། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་གི་ཡོད”ཅེས་ཧུའུ་ནན་ཞིང་ཆེན་ལོ་ཆུང་བྱིས་པའི་དཔེ་མཛོད་ཁང་གི་ཀོན་ཀྲང་ཀྲན་ཞ་ཡིས་བརྗོད་པ་དང་། ཁོང་གིས། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་འཇོག་ས་རྙིང་པ་དེ་ཉིད་ཧུའུ་ནན་གྱི་རིག་གནས་བར་མཐོངས་གསར་པ་ཞིག་ལ་རྒྱུན་མཐུད་བསྐྲུན་ནས། ན་སོ་དར་ལ་མ་བབས་པའི་མི་རྣམས་ལ་ཕ་ཡུལ་གྱི་བསམ་འཁྱེར་ཟབ་མོ་ཚོར་ཐུབ་པ་དང་། གསར་བརྗེའི་རིག་གནས་དཔེ་དེབ་འགྲེམས་སྟོན་ཡག་པོ་བྱས་ནས་ཀློག་པ་པོ་ཆུང་ཆུང་ཚོར་དཔེ་དེབ་ཁྲོད་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་ཏུ་གཏོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
“ང་ཚོས་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་ལྟ་ཀློག་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྤྱི་པའི་རིག་གནས་ཞབས་འདེགས་ཡག་པོ་ཞུས་ཏེ། ན་སོ་དར་ལ་མ་བབས་པའི་མི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་ཧྲའན་ཤིས་ཞིང་ཆེན་ཨན་ཁང་གྲོང་ཁྱེར་དཔེ་མཛོད་ཁང་གི་ཀོན་ཀྲང་ཏིང་ཁོ་ཡིས་བརྗོད། ཉེ་བའི་ལོ་ཤས་རིང་། ཨན་ཁང་གྲོང་ཁྱེར་དཔེ་མཛོད་ཁང་གིས་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་དམིགས་ནས“དཔེ་དེབ་བཀླགས་ནས་ཕུགས་འདུན་དོན་གཉེར་བྱེད་པའི”གྲོང་གསེབ་བྱིས་པའི་ལྟ་ཀློག་གཅེས་སྐྱོང་འཆར་གཞི་གཙོ་གནད་དུ་བཟུང་ནས་བཟོས་ཏེ། ཕྲུ་གུ་ཚོ་རང་ཚུགས་རང་དར་ཡོང་བར་སྐུལ་ལྕག་བྱས་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་མཛོད་ཁང་ནི་སློབ་གྲྭ་ཆེན་པོ་ཞིག་རེད་ཅེས་ནན་བཤད་གནང་ཡོད། རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དག་བླ་སྲོག་བསྐྲུན་མཁན་བསླབ་གཞི་གསོན་པོར་འགྱུར་བར་བྱེད་པ་ནི་ང་ཚོའི་འགན་འཁྲི་དང་ལས་འགན་ཡིན”ཞེས་ཁྲང་ཧྲ་ཅན་ཏུའུ་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཝང་ཆན་གྱིས་བརྗོད་པ་དང་། ཁོང་གིས“ང་ཚོས་རྟེན་མཛོད་ཁང་དང་། སློབ་གྲྭ། སྤྱི་ཚོགས་བཅས་མཉམ་སྐྲུན་གཏིང་ཟབ་བྱས་ནས། ན་སོ་དར་ལ་མ་བབས་པའི་མིར་སྤུས་ལེགས་ཀྱི་རིག་གནས་ཞབས་འདེགས་རྒྱུན་མཐུད་ཞུ་གི་ཡིན”ཞེས་བརྗོད།
བྱིས་པའི་རྩོམ་རིག་རྩོམ་པ་པོ་ཝང་ལུའུ་ཆི་ཡིས“བྱིས་པའི་རྩོམ་རིག་བརྩམས་ཆོས་ཡག་པོ་ཞིག་གིས་ཕྲུ་གུ་ཚོར་དགེ་བརྩོན་ཡར་ཐོན་ཡོང་བར་ཁྲིད་སྟོན་བྱེད་ཐུབ། ངས་དངོས་ཡོད་རིང་ལུགས་ཀྱི་བྱིས་པའི་རྩོམ་རིག་ལ་རྒྱུན་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་ལྡན་པའི་གཏམ་རྒྱུད་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། བརྩམས་ཆོས་སྤུས་ལེགས་ལ་བརྟེན་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད།
ཀྲུང་གོ་ཤིན་ཧྭ་དཔེ་ཚོང་ཁང་མཐུན་ཚོགས་ཀྱི་ལས་འཛིན་དཔོན་དང་ཤིན་ཧྭ་དཔེ་ཚོང་ཁང་སྤྱི་ཁྱབ་ཚོང་ཁང་གི་ཏང་ཨུད་ཧྲུའུ་ཅི་རེན་ཅང་ཀྲེ་ཡིས“ཤིན་ཧྭ་དཔེ་ཚོང་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་འགྲེམས་སྤེལ་དྲ་རྒྱའི་ལེགས་ཆ་གང་ལེགས་བཏོན་ནས། དངོས་གཞིའི་ཚོང་ཁང་དེ་གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་བའི་རིག་གནས་བར་མཐོངས་ཤིག་ཏུ་བསྐྲུན་ཏེ། གཞོན་ནུ་ལོ་ཆུང་ལ་དཔེ་དེབ་ཀློག་རྒྱུར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་གྱི་ཡིན”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།