དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྒོ་དབྱེའི་སྒོ་མོ་གཙོ་བོ་ཏན་ཏན་ཏིག་ཏིག་ངང་ཡག་པོ་ཕྱེ་དགོས།

    ཅང་ཧྥུང་ཞང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་པ་དེས། སྒོ་དབྱེའི་ཀྲུང་གོར་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་ཤར་ཡོད།

    ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཕྱོཌ་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཧའེ་ནན་རང་མོས་གྲུ་ཁ་བསྐྲུན་པ་དེ་ནི་ཧའེ་ནན་གྱི་ས་ཁོངས་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ལས་འགོ་བདེ་བླག་ངང་བཙུགས་པ་ནས་རྨང་གཞི་བརྟན་དུ་གཏོང་བ་དང་བཟོ་དབྱིབས་གྲུབ་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བས། ཧའེ་ནན་རང་མོས་གྲུ་ཁའི་གསོན་ཤུགས་ཆེས་ཆེར་འཕེལ་ནས། སྲིད་ཇུས་ལམ་ལུགས་ཀྱི་མ་ལག་རགས་ཙམ་ཆགས་ཏེ། རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱེད་མཁན་སྒོ་མོ་གལ་ཆེན་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད།

    ད་ཆའི་ཧའེ་ནན་དེ་ཉིད་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་མདུན་ས་གསར་མ་དང་། ས་ཁུལ་དབར་གྱི་གཉིས་ཕན་མཉམ་ལས་ཀྱི་ཞིང་ས་གཤིན་པོ་གསར་པ། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་བཅས་ལ་གྱུར་ཡོད། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

    སྒོ་ཁྲལ་སྡོམ་པ་ནི་གླིང་ཕྲན་སྡོམ་པ་ཞིག་མིན་པར། དེ་ནི་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་འགོ་ཚུགས་པ་ཞིག་རེད། འཐབ་ཇུས་ཀྱི་དམིགས་ཚད་ལ་དམིགས་ནས་གཡོ་འགུལ་མི་གཏོང་བ་དང་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བརྟན་པོ་གཏོང་དགོས་ལ། སྒྲུབ་ཕོད་པ་དང་སྒྲུབ་མཁས་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་གྱིས་ཧའེ་ནན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་ཚེ། སྒོ་དབྱེའི་ནུས་པ་གང་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་གྱུར་ཏེ། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་ཐུབ་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།