དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་ཤིང་། ཧའེ་ཁོའུ་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི“རིམ་པ་གཉིས་པའི་འགག་སྒོའི”(ཟོག་འདྲེན)གཅིག་སྡུད་ཞིབ་བཤེར་ཁང་དུ་དངོས་ཟོག་ཁག་དང་པོ་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་བགྲོད་ལམ་ནས་ཐོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧའེ་ཁོའུ་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་མཚོན་རྟགས་རང་བཞིན་གྱི་བྱ་ཐབས་ཤིག་རེད།

    ཚེས་18ཉིན་ནས་བཟུང་། ཧའེ་ནན་གླིང་ཕྲན་ཡོངས་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་འགག་སྒོ་ཁག་8དང“རིམ་པ་གཉིས་པའི་འགག་སྒོ”ཁག་10ཡི་ལྟ་འདོམས་སྒྲིག་བཀོད་ཚང་མ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པའི་ཧའེ་ནན་གླིང་ཕྲན་དེ་ཉིད་འགག་སྒོས་དངོས་སུ་ལྟ་འདོམས་བྱེད་པའི་དམིགས་བསལ་ས་ཁོངས་སུ་གྱུར་ནས། “‘རིམ་པ་དང་པོ’ལྷུག་གཏོང་དང་། ‘རིམ་པ་གཉིས་པར’དོ་དམ། གླིང་ཕྲན་ནང་ཁུལ་དུ་རང་མོས་བཅས”ཀྱི་ལེའུ་གསར་པ་འགོ་བརྩམས་པ་མཚོན་གྱི་ཡོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཏང་གནང་བའི་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་ཞིག་རེད། གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་སྡོམ་འགོ་ཚུགས་པ་དེ་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དེ་ཉིད་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་རྣམ་པར་ཕྱོགས་པའི“འགག་རྩའི་མཆོང་སྐྱོད”ཅིག་རེད།

    སྒོ་ཁྲལ་སྡོམ་འགོ་ཚུགས་པའི་ཉིན་དང་པོར་སྔོན་དཔག་ལྟར་ན། ཧའེ་ནན་དབྱང་ཕུའུ་གྲུ་ཁ་དང་སན་ཡ་ཧྥུང་ཧོང་རྒྱལ་སྤྱིའི་གནམ་ཐང་སོགས་ཕྱི་ཕྱོགས་སྒོ་དབྱེའི་འགག་སྒོར་མ་བཅོས་རྡོ་སྣུམ་དང་། སྨན་བཅོས་སྒྲིག་ཆས། མཁའ་འགྲུལ་ཡོ་བྱད། བཟའ་བཅའི་རྒྱུ་ཆ་སོགས་ཀྱི་དངོས་ཟོག་གཅིག་སྡུད་ཐོག“སྒོ་ཁྲལ་མེད་པར” ནང་འདྲེན་བྱ་རྒྱུ་ཡིན་པ་དང་། དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།