དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་ཡིས་རྒྱུན་གཏན་གྱི་ཡིག་རྒྱུགས་ཐེངས་གྲངས་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཉེ་ཆར། སློབ་གསོ་པུའུ་ཡིས《སློབ་གྲྭ་འབྲིང་ཆུང་གི་རྒྱུན་གཏན་གྱི་ཡིག་རྒྱུགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། རྒྱུན་གཏན་གྱི་ཡིག་རྒྱུགས་ཐེངས་གྲངས་ཉུང་དུ་གཏོང་བ་དང་། རྒྱུན་གཏན་གྱི་ཡིག་རྒྱུགས་སྤུས་ཚད་མཐོ་རུ་གཏོང་བ། ཡིག་རྒྱུགས་གཏོང་རིང་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ནས་སློབ་མ་ཕྱོགས་ཡོངས་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་རྒྱུན་གཏན་གྱི་ཡིག་རྒྱུགས་ཁྱབ་ཁོངས་གཏན་འཁེལ་གསལ་པོ་བྱས་ཡོད་པ་སྟེ། སློབ་གྲྭ་འབྲིང་ཆུང་གི་རྒྱུན་གཏན་ཡིག་རྒྱུགས་ཞེས་པ་ནི་ས་གནས་དང་སློབ་གྲྭས་རྒྱུན་གཏན་གྱི་སློབ་ཁྲིད་རིང་སློབ་མའི་དུས་མཚམས་རང་བཞིན་གྱི་སློབ་སྦྱོང་སྦྱང་འབྲས་ལ་ཞིབ་བཤེར་དང་སློབ་ཁྲིད་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་ཆེད་ལོ་རིམ་ཁག་གི་སློབ་མ་ཡོངས་ལ་དམིགས་ནས་སྒྲིག་འཛུགས་བྱས་པའི་ཡིག་རྒྱུགས་ལ་ཟེར། དེའི་གྲས་སུ་དམའ་འབྲིང་དང་མཐོ་འབྲིང་གི་སློབ་སྦྱོང་ཆུ་ཚད་ཡིག་རྒྱུགས་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་བསྡུའི་ཡིག་རྒྱུགས་ཚུད་མེད།

    བརྡ་ཐོའི་ནང་ཡིག་རྒྱུགས་ཐེངས་གྲངས་སྔར་བས་ཉུང་དུ་གཏོང་དགོས་ཤིང་། སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་སྦྱོང་དུས་མཚམས་མི་འདྲ་བར་དམིགས་ནས་ཡིག་རྒྱུགས་ཐེངས་གྲངས་ཚོད་འཛིན་བྱེད་དགོས་པའི་བླང་བྱ་རིགས་དབྱེ་ནས་འདོན་དགོས་པ་དང་། སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་མི་གཏོང་བ་དང་། འོས་འགན་སློབ་གསོའི་ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་མཇུག་གི་ཡིག་རྒྱུགས་ཐེངས་གཅིག་གཏོང་དགོས། རྒྱུགས་གཞིར་སྔར་བས་དོ་དམ་ནན་པོ་བྱས་ནས་སློབ་ཚན་གྱི་ཚད་གཞི་དང་སློབ་ཁྲིད་ཀྱི་དོན་དངོས་རྒྱུགས་གཞིར་ནན་པོ་གཞིགས་ནས་བྱང་ཚད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།