དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀག་ན་ཡིས་2026ལོར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཁ་ར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀག་ན་རྒྱལ་ཁབ་ཀྱི་སློབ་ཚན་དང་དཔྱད་དཔོག་ཨུ་ལྷན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝེན་སེན་ཐེ·ཨཱ་སང་ཧྥུའུ་ཨར་གྱིས། ཀག་ན་ཡིས་2026ལོར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་རྒྱ་ཡིག་སློབ་ཚན་དངོས་སུ་འཚོག་རྩིས་ཡོད་ཅེས་བརྗོད།

    ཨཱ་སང་ཧྥུའུ་ཨར་གྱིས་ཧའེ་ཨན་ཅའོ་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་བརྗོད་དོན། འདས་ཟིན་པའི་ཟླ་བ་འགའ་ཤས་རིང་། ཨུ་ཡོན་ལྷན་ཁང་གིས་ཁུང་ཙི་སློབ་གླིང་དང་རྒྱ་ཡིག་སློབ་ཚན་གྱི་ཚད་གཞི་གསར་པའི་ཐད་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་ལ་ཀག་ན་ཡི་རྒྱལ་བབ་དང་མཐུན་པའི་སློབ་ཚན་གྱི་རྩ་གནད་བཟོས་ཟིན་པ་དང་། སྔོན་དཔག་ལྟར་ན་ཉེ་ཆར་འདོན་རྒྱུ་ཡིན་པ་རེད།

    ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་ལས་རིགས་ཀྱི་མི་སྣ་དང་ཁུང་ཙི་སློབ་གླིང་གི་དགེ་སློབ་སོགས་མི་400ལྷག་ཙམ་དེ་ཉིན་གྱི་རྟེན་འབྲེལ་བྱེད་སྒོར་ཞུགས་ཡོད། ཧའེ་ཨན་ཅའོ་སློབ་ཆེན་གྱི་ལས་ཚབ་སློབ་སྤྱི་ཏན་ནི་སི·ཨོ་ལཱ་ཉི་ཨའོ·ཨཱ་ཧེ་ཐོ་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། ལོ་བཅུའི་རིང་ཁུང་ཙི་སློབ་གླིང་དེ་ཉིད་རྒྱ་ཡིག་སློབ་ཁྲིད་ཀྱི་སྒྲིག་གཞི་ཕུལ་བྱུང་ཞིག་ཏུ་འཕེལ་རྒྱས་ཕྱིན་ཏེ། མི་ཁྲི་སྟོང་མང་པོའི་འཚོ་བར་འགྱུར་ལྡོག་བཏང་བ་དང་། དུས་མཚུངས་སུ་ཀག་ན་དང་ཀྲུང་གོའི་སློབ་གསོའི་ཐད་ཀྱི་མཉམ་ལས་ལའང་ཤུགས་སྣོན་བརྒྱབ་ཡོད། ཧའེ་ཨན་ཅའོ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཨོའུ་ཡཱ་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གླིང་དེས་ཀག་ན་དང་མཐའ་འཁོར་རྒྱལ་ཁབ་ལ་རྒྱ་ཡིག་ཆེད་ལས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་གཞོལ་ཏེ། ལོ་རེར་ཆ་སྙོམས་སློབ་མ་ཁྲི་1.1ལྷག་ཙམ་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།