ཕྱི་འབྲེལ་པུའི་ཨེ་ཤེ་ཡའི་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་སླར་ཡང་ཁམ་ཕུ་ཁྲེ་དང་ཐེ་ལན་དུ་བར་འདུམ་བྱེད་པར་བསྐྱོད་རྒྱུ་ཡིན་པ།
ཚེས་17ཉིན་གྱི་དགོང་མོར་ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཚེས་18ཉིན་ཕྱི་འབྲེལ་པུའི་ཨེ་ཤེ་ཡའི་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་སླར་ཡང་ཁམ་ཕུ་ཁྲེ་དང་ཐེ་ལན་དུ་བར་འདུམ་བྱེད་པར་བསྐྱོད་དེ། ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ཏུ་སྐྱོད་པ་དང་གང་མགྱོགས་ཞི་བདེ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།
མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་གདོང་གཏུག་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱུན་མཐུད་ཕར་སྣེ་ཚུར་མཐུད་ཀྱིས་བར་འདུམ་མཐུན་འཇུག་བྱས་ནས། རང་སོ་སོའི་བྱ་ཐབས་བརྒྱུད་དུས་བབ་ཞི་ལྷོད་ལ་སྐུལ་འདེད་གཏོང་བར་ནུས་པ་ཧུར་ཐག་འདོན་གྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།