2025ལོའི་རྒྱལ་ཡོངས་ཀྱི་བུ་མོའི་ལག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཟི་ལིང་དུ་འགོ་ཚུགས་པ།
ཉེ་ཆར།2025ལོའི་རྒྱལ་ཡོངས་ཀྱི་བུ་མོའི་ལག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་ཕྱོགས་བསྡུས་ཁང་དུ་འགོ་ཚུགས་པ་རེད། དུས་ཡུན་ཉིན་དགུའི་འགྲན་བསྡུར་ནང་རུ་ཁག་དགུ་ཡི་ཁྱོན་ལུས་རྩལ་པ་240ཞུགས་ཡོད་པ་རེད།
འགྲན་བསྡུར་དེ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལག་རྩེད་སྤོ་ལོ་དང་། དབྱུག་གུག་སྤོ་ལོ། དབྱུག་རྩེད་སྤོ་ལོ། ལེ་ཆིའུ་སྤོ་ལོ་བཅས་ཀྱི་ལུས་སྦྱོང་དོ་དམ་ལྟེ་གནས་དང་ཀྲུང་གོ་ལག་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་དང་ཟི་ལིང་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་ཟི་ལིང་གིས་ལག་རྩེད་སྤོ་ལོའི་ལུས་རྩལ་དེ་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་སློབ་གྲྭའི་ལུས་རྩལ་ཕུན་སུམ་ཚོགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། “སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་དང་། སློབ་གྲྭས་རྨང་གཞི་འདིང་བ། འགྲན་བསྡུར་གྱིས་མཐུན་རྐྱེན་སྦྱོར་བ”བཅས་ཀྱི་འཕེལ་རྒྱས་མ་ལག་བཏོད་ནས་ལོ་གསུམ་བསྟུད་མར“རྒྱུག་ཤར་གློད་དང་། ལོ་ཆུང་ཚོའི”ཟི་ལིང་གྲོང་ཁྱེར་གྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱས་པ་རེད། མིག་སྔའི་བར། ཟི་ལིང་གིས་རྒྱལ་ཁབ་རིམ་པའི་ལག་རྩེད་སྤོ་ལོ་ཁྱབ་གདལ་གཏོང་བའི་སློབ་གྲྭ་6དང་གྲོང་ཁྱེར་རིམ་པའི་ལག་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་10བསྐྲུན་ནས་སྐས་རིམ་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་གི་དྲ་རྒྱ་ཆགས་པར་བྱས་ཏེ་ལག་རྩེད་སྤོ་ལོའི་ལུས་རྩལ་ཁྱབ་གདལ་ལ་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།