དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ཁབ་གློག་དྲས་ཁྱབ་བསྒྲགས་བྱས་དོན། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ནི་ཁྲོན་བོད་ས་མཐོའི་དབུས་ཁུལ་དུ་བསྐྲུན་པའི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་དང་པོ་དེ་ཡིན་ཞིང་། ནུས་རྒྱུ་གཙང་མ་ས་ཁུལ་བརྒལ་ནས་བཀོད་སྒྲིག་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུའི་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ལས་གྲྭ་དེ་ནི་འབྲི་ཆུའི་སྟོད་རྒྱུད་ནས་འགོ་ཚུགས་ཏེ་བོད་དང་། སི་ཁྲོན། ཁྲུང་ཆིང་། ཧུའུ་པེ་བཅས་ཞིང་ཆེན་བཞི(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)བརྒྱུད་དེ་གློག་འདོན་ཁུངས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་སུ་ཁ་སྨད་དང་སྤང་འགོ་གློག་རྒྱུན་བསྒྱུར་ཚིགས་གཉིས་སོ་སོར་བསྐྲུན་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་དང་ནུས་རྒྱུ་གསར་པ་གཅིག་སྡུད་བྱས་པ་དང་། ཧུའུ་པེའི་ཧོང་ཧྲིར་ཏཱ་ཡེ་གློག་རྒྱུན་བསྒྱུར་ཚིགས་བསྐྲུན་ནས་ཧྭ་དབུས་ས་ཁུལ་གྱི་ཆེས་མཐོ་གནོན་སྣོལ་རྒྱུག་དྲ་སྒྲོམ་གཙོ་བོ་དང་འབྲེལ་ཡོད། ལས་གྲྭར་གློག་གནོན་ཆན་ཧྥུའུ་±800དང་ཚད་བཅད་ཤོང་ཚད་ཆན་ཝ་ཁྲི་800ཟིན་པའི“བརྒྱད་བརྒྱ་ཟུང”གི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལག་རྩལ་སྤྱད་ཡོད་པ་དང་གློག་འདྲེན་བར་ཐག་སྤྱི་ལེ་1900ཙམ་ཡོད་པ་རེད།

    ལས་གྲྭ་དེ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་བའི་ས་ཁུལ་དུ་གནས་ཡུལ་དབྱེ་བ་དང་རིམ་པ་འབྲེལ་མཐུད་ཀྱི་ལག་རྩལ་ལེགས་གྲུབ་ལྡན་པའི་ངང་སྤྱད་པའི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་ཐོག་མ་དེ་རེད། ལས་གྲྭ་སྤྱོད་འགོ་ཚུགས་རྗེས། ལོ་ལྟར་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་400ཙམ་གཏོང་ཐུབ་པ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་1200ཙམ་གྱི་ཚབ་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་3000ཙམ་ཉུང་དུ་བཏང་བ་དང་མཚུངས་ཀྱི་ཡོད། ལས་གྲྭ་དེས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་དང་ཡུལ་ལྗོངས་གཞི་གཅིག་ཅན་གྱི་རྟེན་གཞི་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་གློག་འདོན་ཁུངས་ཀྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཆབས་ཅིག་ཧྭ་དབུས་ས་ཁུལ་གྱི་གློག་ཤུགས་ཐེག་ཚད་ལྟེ་གནས་ལ་གཞི་ཁྱོན་ཆེ་བའི་ལྗང་མདོག་གློག་མཁོ་འདོན་ཐུབ་རྒྱུ་རེད།

    མིག་སྔའི་བར་རྒྱལ་ཁབ་གློག་དྲ་ཀུང་སིས་རིམ་རྩིས་བརྒྱབ་ན“སྣོལ་རྒྱུག་22དང་ཐད་རྒྱུག་20”ཡི་ཆེས་མཐོ་གནོན་ལས་གྲྭ་ཁག་42བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ལྗོངས་དང་ཞིང་ཆེན་ལས་བརྒལ་བའི་གློག་འདྲེན་ནུས་པ་ཆན་ཝ་དུང་ཕྱུར་3.7ཟིན་ནས་ཧྭ་ཤར་དང་། ཧྭ་བྱང་། ཧྭ་དབུས། ལྷོ་ནུབ་བཅས་ཆེས་མཐོ་གནོན་སྣོལ་རྒྱུག་དྲ་སྒྲོམ་གཙོ་བོ་ཆགས་པ་དང་། རབས་གསར་པའི་བཀོད་གཏོང་ཚོད་འཛིན་མ་ལག་དང་གློག་ཤུགས་ཁྲོམ་རའི་ཉོ་ཚོང་ལས་སྟེགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་དུས་ཡུན་རིང་འབྲིང་དང་དེ་བཞིན་ལག་ཡོད་ཚོང་ཟོག་ཉོ་ཚོང་ལ་དངོས་ཁམས་ཀྱི་བགྲོད་ལམ་དང་འཁོར་སྐྱོད་འགན་སྲུང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།