དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་བྱེ་འཇགས་ལས་འགན་མུའུ་ཁྲི་8.42ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི”པའི་རིང་། རང་ལྗོངས་ཀྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཐང་རྒོད་བཅོས་སྒྲིག་གི་རྣམ་གྲངས་ལ་བཏང་བའི་མ་དངུལ་སྒོར་ཁྲི་4630སྤྱད་ནས་བྱེ་འཇགས་ལས་འགན་མུའུ་ཁྲི་8.42ལེགས་སྒྲུབ་བྱས་པར་བརྟེན། རྣམ་གྲངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2021ལོ་ནས་2030ལོ་བར)》སོགས་བཟོས་པ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་ཁུལ་གྱི་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་སོགས་ལས་གྲྭ་གལ་ཆེན་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཆ་བཀག་བསྡོམས་སྲུང་སྐྱོང་ཁུལ་འཛུགས་པ་དང་། བྱེ་ཁུལ་དུ་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ། ས་མཐོའི་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་ཐུབ་ཚད་མགྱོགས་སུ་གཏོང་བ། བྱེ་འགྱུར་ས་ཆ་རྒྱ་ཆེར་འགྲོ་རིགས་གཏན་འགོག་བཅས་བྱས་ཏེ“གཙང་པོ་གཅིག་དང་ཆུ་བོ་གཉིས”རྒྱུག་ཁུལ་དུ་འཐུས་སྒོ་ཚང་བའི“བྱེ་འགོག་དང་། རླུང་འཇགས། བྱེ་འཇགས། སྔོ་ཁེབས་རྒྱ་སྐྱེད”བཅས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལག་རྩལ་མ་ལག་རིམ་གྱིས་འཚོལ་ཞིབ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།