ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་གྲོས་མོལ་བྱེད་ས་ཚོགས་ཁང་ནས་ཞིང་པའི་སྒོ་རར་སྤོས་པ།
མང་ཚོགས་ཀྱི་དོན་དག་མང་ཚོགས་ཀྱིས་བཤད་པར་བརྩི་དགོས།

འདི་ནི་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སྤུ་ཤོད་གྲོང་ཚོའི“སྒོ་རའི་དོན་གྲོས་ཁང”དུ་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིས་འཕེལ་རྒྱས་ཇུས་ཆེན་མཉམ་དུ་འདིང་བཞིན་པ།
ས་སྲོས་སྐབས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཀྲུང་ཡས་ཤང་གི་ཞིང་པའི་སྒོ་རའི་ནང་། གྲོང་མི་དང་གྲོང་སྡོད་ལས་བྱེད་པ་བཅུ་ལྷག་ཙམ་མཉམ་དུ་འཛོམས་ནས་ཇ་འཐུང་ཞོར་གྲོང་ཚོའི་ཨར་འདམ་ལམ་མཐའ་མ་འཆར་འགོད་ཇི་ལྟར་བྱེད་དགོས་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་འདུག
ད་ཆ་ལྷོ་རོང་རྫོང་གི་གྲོང་ཚོ་གང་སར་རྣམ་པ་དེ་རིགས་མཐོང་རྒྱུ་ཡོད། ད་ལོ་ཚུན་དུ་ལྷོ་རོང་རྫོང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས“སྒོ་རའི་དོན་གྲོས་ཁང”ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། མང་ཚོགས་ཁྲོད་སྙན་གྲགས་ཆེ་བ། འཇོན་ཐང་ཆེ་ལ་བྱ་བ་སྒྲུབ་འདོད་ཡོད་པ་བཅས་ཀྱི་ཏང་ཡོན་ཁྲོད་ནས་འོས་ཤིང་འཚམ་པའི་འོས་མི་བདམས་ཏེ“ཐག་ཉེ་ས་དང་། སྟབས་བདེ་ས། གནད་ལ་འཁེལ་བ”བཅས་རྩ་དོན་དུ་བྱས་ནས། ཏང་ཡོན་གྱི་ཁྱིམ་དུ“སྒོ་རའི་དོན་གྲོས་ཁང”126བཙུགས་ནས་དོན་གྲོས་བྱེད་ས་ཚོགས་ཁང་ནས་མང་ཚོགས་ཀྱི་འགྲམ་དུ་སྤོས་པ་རེད། དེ་དང་ཆབས་ཅིག“སྒོ་རའི་དོན་གྲོས་ཁང”དེ་གཞི་རིམ་ཏང་ཡོན་དང་མང་ཚོགས་ལ་ཕྱོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་འཐབ་ཕྱོགས་དང་པོའི་གཡུལ་སར་བརྩིས་ཏེ། གྲོང་སྡོད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་མྱོང་ཚོར་གླེང་བ་སོགས་ཀྱི་རྣམ་པ་བརྒྱུད་ཆེད་དོན་སློབ་སྦྱོང་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་བག་ཕེབས་པའི་ཁོར་ཡུག་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་ཟུག་ཐབས་བྱས་ཡོད། མིག་སྔའི་བར“སྒོ་རའི་དོན་གྲོས་ཁང”གིས་དོན་གྲོས་བྱེད་སྒོ་སྣ་ཚོགས་ཐེངས་324སྤེལ་བ་དང་མང་ཚོགས་ཞུགས་ཚད་98.6%ལྷག་ཙམ་ཟིན་ཡོད།
ལྷོ་རོང་རྫོང་གིས“གྲོས་འགོ་འདོན་པ་དང་། གྲོས་བསྡུར་བྱེད་པ། སྒྲུབ་གཉེར་བྱེད་པ། དཔྱད་བརྗོད་བྱེད་པ”བཅས་ཀྱི་གོམ་སྟབས་བཞིའི་དོན་གྲོས་ལམ་སྲོལ་བཙུགས་ཏེ། “མང་ཚོགས་ཀྱིས་གྲོས་འགོ་འདོན་པ་དང་། ཕྱོགས་མང་པོས་དོན་གྲོས་བྱེད་པ། མཉམ་འགུལ་ལས་སྒྲུབ་བྱེད་པ། ཡོངས་བསྒྲགས་ངང་དོན་དག་དཔྱད་བརྗོད་བྱེད་པ”བཅས་ཀྱི་གདུབ་ཟུམ་དོ་དམ་ཆགས་ནས་ཡུལ་མིས་དེ་སྔ“འཁང་ར་བྱེད་པ”ནས་ད་ཆ“མཉམ་དུ་གྲོས་བསྡུར་དང་ཐུན་མོང་དོན་གཉེར་བྱེད་པའི”བར་འགྱུར་ལྡོག་བྱུང་བ་དང་། “རྩ་འཛུགས་ཀྱིས་མཛུབ་ཁྲིད་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་གཞོགས་འདེགས། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཞུགས་པ། དྲ་རྒྱའི་ཏང་ཚོགས་ཆུང་གིས་ལག་བསྟར”བཅས་ཀྱི་རིམ་བཞིའི་རྩ་འཛུགས་མ་ལག་བརྒྱུད་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི“ཨུ་ལྷན་གཉིས” དྲ་མིག་པ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས། ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་148བཙུགས་པ་རེད། བྱ་ཐབས་དེ་དག་བརྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་སོགས་དང་འབྲེལ་བའི་བསམ་འཆར་དང་གནད་དོན་214བསྡུ་རུབ་དང་ཐག་གཅོད་བྱས་པར་དང་ལེན་བྱེད་ཚད་95.4%ཡན་མཐོ་རུ་ཕྱིན་པ་དང་གནད་དོན་ཐག་གཅོད་བྱེད་ཚད་98.5%ཡན་ཟིན་ནས“བསྡུ་རུབ་དང་། གྲོས་བསྡུར། ཐག་གཅོད་བཅས་བྱེད་པའི”བརྒྱུད་རིམ་ཧྲིལ་པོ་མངོན་འགྱུར་བྱུང་ཡོད།
ད་ཆ་ལྷོ་རོང་རྫོང་གི་གྲོང་གསེབ་ཏུ“སྒོ་རའི་དོན་གྲོས་ཁང”དེ་གཞི་རིམ་བཅོས་སྐྱོང་གི་གསོན་ཉམས་དོད་པའི་གཞི་རྟེན་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་སའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། དྲོད་ཁང་དུ་མྱུ་གུ་གསོ་སྐྱོང་བྱེད་པའི“དོན་ཆུང”ཐག་གཅོད་བྱེད་པ་ནས་གྲོང་ཚོའི་འགྲོ་ལམ་ལེགས་སུ་གཏོང་བའི“དོན་དངོས”བར་དང་། དེ་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི“དོན་ཆེན”བར་གྱི་དམངས་འཚོའི་དཀའ་གནད་རེ་རེ་དག་སྒོ་ར་ཆུང་ངུར་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་རེ་རེ་བཞིན་སྒོ་ར་ཆུང་ངུར་དོན་འཁྱོལ་བྱས་པས“སྒོ་ར་ཆུང་ཆུང”གིས“བཅོས་སྐྱོང་ཆེན་པོར”སྐུལ་ཁྲིད་ཐུབ་ནས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་ཁྲོད་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།