དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་སྡེ་ལས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མང་ཚོཌ་ཀྱི་སྐྱིད་སྣང་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ད་ལོ་ཚུན་དུ་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་སྡེ་ལས་ལས་རིཌ་ཀྱི་ལྟ་འདོམས་དང་ཞབས་ཞུ་རིམ་སྤོར་གཏིང་ཟབ་བྱས་ནས་སྡེ་ལས་ཁྱབ་ཁོངས་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ལས་ཁེ་ལས་ཀྱི་དོ་དམ་བྱེད་ཐབས་དང་ཡིད་རྟོན་གདེང་འཇོག་བྱེད་ཐབས་སོགས་སྐོར་གྱི་ཡིག་ཆ་འཆར་ཟིན་བཀོད་ནས་སྡེ་ལས་ཁེ་ལས་ཀྱི་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ལྗོངས་ཡོངས་ཀྱི་སྡེ་ལས་ལ་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་སྡེ་ལས་ཁུལ་ཆུང་ཁྱོན་བསྡོམས་1123ལ་འཐེན་བཤེར་བྱས་པ་དང་། དག་ཐེར་དོན་འཁྱོལ་ཁག་522བྱེད་པར་སྐུལ་འདེད་བཏང་བ། ཁུལ་ཆུང་68ལ་སྤྱི་པའི་ཡོང་འབབ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་བར་གྲོང་མི་དུད་ཚང་ཁྲི་2.85ལ་ཕན་པ་ཐོབ་པ། སྡེ་ལས་ཞུ་གཏུག་ཐད་སྦྲེལ་ཁ་པར་བཙུགས་པ་མ་ཟད། སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱི་སྐར་རིམ་དཔྱད་བསྡུར་གཏན་འབེབས་ལས་དོན་སྤེལ་ནས་སྡེ་ལས་ཁེ་ལས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།