དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ཁྲལ་དོན་ཅུས་ཀྱིས་ཞིང་ལས་ཐོན་རྫས་ཚོང་འདུས་ཀྱི་འཛད་སྤྱོད་དང་ཟོག་འགྲེམས་གཉིས་ཀའི་རིམ་འཕར་ལ་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-20

    ཉེ་ཆར། མངའ་རིས་ས་ཁུལ་གྱིས“འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མཁོ་སྤྲོད་འགན་ལེན་བྱེད་པའི”ཞིང་འབྲོག་ལས་ཀྱི་ཐོན་རྫས་ཚོང་འདུས་སྐབས་བཅུ་གཅིག་པ་སྒར་རྫོང་གི་སེང་གེ་ཁ་འབབ་གྲོང་རྡལ་དུ་འཚོགས་པ་རེད། མངའ་རིས་ས་ཁུལ་ཁྲལ་དོན་སྡེ་ཚན་གྱིས་རླངས་འཁོར་གྱི་འཛད་སྤྱོད་བྱེད་མང་དུ་གཏོང་བ་དང་ཟོག་འགྲེམས་ཆ་འགྲིག་རིམ་སྤོར་གྱི་གཙོ་གནད་ཆེན་པོ་གཉིས་ལ་དམ་པོར་དམིགས་ཏེ་དམིགས་སའི་རང་བཞིན་གྱི་ཁྲལ་དོན་ཞབས་ཞུའི་བྱ་ཐབས་བརྒྱུད། ས་མཐོའི་ཁྱད་ལྡན་འགྲེམས་ཚོགས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིང་ལས་ཐོན་རྫས་ཚོང་འདུས་ལ་འགྲེམས་གནས་126བཙུགས་ནས་ཚོང་དུད་597འགྲེམས་ཚོགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། རླངས་འཁོར་གསར་པ་ཉོ་བའི་ཁ་གསབ་བྱེད་སྒོ་དེ་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་སར་གྱུར་པར་བརྟེན། ཁྲལ་དོན་སྡེ་ཚན་གྱིས་ཆེད་དོན་ཞབས་ཞུའི་ཚོགས་པ་བཙུགས་ཏེ་འགྲེམས་ཚོགས་འཚོག་ཡུལ་དུ་བརྒྱུད་རིམ་ཧྲིལ་པོར་སྲིད་ཇུས་ཟུར་ཁྲིད་དང་འཛད་སྤྱོད་པར་སྲིད་ཇུས་ཀྱི་ནང་དོན་རྒྱུས་མངའ་གསལ་པོ་ཡོང་བར་བྱས་ཏེ། ཁ་གསབ་མ་དངུལ་གྱིས་མང་ཚོགས་ལ་ཕན་པ་ཐོབ་ཐབས་བྱས་ཡོད།

    བསྡོམས་རྩིས་ལ་གཞིགས་ན། ཞིང་ལས་ཐོན་རྫས་ཚོང་འདུས་འཚོག་རིང་། རིམ་རྩིས་བརྒྱབ་ན་ཁྲལ་དོན་སྡེ་ཚན་གྱིས་དཔྱ་ཁྲལ་དང་འབྲེལ་བའི་བློ་འདྲི་ཐེངས་23ལ་ལན་བརྒྱབ་པ་དང་། རྒྱ་བོད་ཤན་སྦྱར་གྱི་སྲིད་ཇུས་ལག་དེབ་580ལྷག་ཙམ་སྤྲད་པ། དྲ་ཐོག་ཏུ་མི་ཐེངས་46ལ་ཁྲལ་དོན་སྒྲུབ་གཉེར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།