དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཕྲོད་བསྟེན་བདེ་ཐང་ཆེད་དོན་འདུ་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཟོམ་སྐྱོན་མེད་པ་དང་། ཞན་ཆ་ལེགས་གཏོང་། དམངས་འཚོར་ཕན་པ་བཅས་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ལེགས་སུ་བཏང་བས། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་སོང་ཡོད། སྔོན་འགོག་གཙོ་བོ་དང་འགོག་བཅོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དེ“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། སྔོན་ལ་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་ཁྱབ་བསྒྲགས་ལག་བསྟར་བྱས་ཏེ། ཐུམ་འབུའི་ནད་འགོག་བཅོས་ཀྱི“མཚོ་སྔོན་གྱི་བྱེད་སྟངས”རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ་རེད།

    སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་སྐྱེད་གཤམ་སྒྱུར་མགྱོགས་སུ་བཏང་བ་དང་རིམ་དབྱེའི་སྨན་བཅོས་མ་ལག་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཞིང་། ཐོག་མཐའ་བར་གསུམ་དུ་སྨན་བཅོས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ་དེ་མང་ཚོགས་ཀྱི“ནད་བསྟེན་དཀའ་བ”སེལ་བའི་བྱེད་ཐབས་གཙོ་བོར་བརྩིས་ནས། “ནད་ཆེན་ཞིང་ཆེན་ནས་བཅོས་ཐུབ་པ་དང་། སྤྱིར་བཏང་གི་ནད་གྲོང་ཁྱེར་དང་རྫོང་ནས་བཅོས་ཐུབ་པ། སྤྱིར་བཏང་གི་ནད་གྲོང་གསེབ་ནས་བཅོས་ཐུབ་པའི”རིམ་དབྱེའི་སྨན་བཅོས་ཀྱི་གནས་སྟངས་གསར་པ་འཛུགས་སྐྱོང་བྱས་ཤིང་། གྲོང་ཁྱེར་དང་ཀྲོའུ་བརྒྱད་ལ་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཡོངས་སུ་ཁྱབ་ཡོད།

    སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་བ་དང་གཞུང་བཙུགས་སྨན་ཁང་གི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཚད་རིམ་གཉིས་སྤར་བྱུང་ཞིང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་ཀྱི་ཁྱབ་ཁོངས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ། “སྨན་གསུམ”མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྨན་ཁང་དུ་སྡོད་པའི་སྨན་བཅོས་ཐེངས་རེའི་ཆ་སྙོམས་འགྲོ་གྲོན་སྒོར་1100ལྷག་ཙམ་ཆག་པ་དང་། སྨན་ཁང་དུ་སྡོད་པའི་ཉལ་ཁྲི་ཉིན་རེར་0.8ཆག་པ། མི་སྒེར་གྱི་འཕྲོད་བསྟེན་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད་2024ལོའི་24.05%ནས་19.78%བར་ཆག་པས། མང་ཚོགས་ཀྱི་ནད་བསྟེན་པ་དང་སྨན་བཅོས་བྱེད་པའི་ཁུར་པོ་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།