ཀྲེ་ཅང་ཅིན་ཧྭ་རུ།
ཧྭ་ཤར་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཅིག་སྡུད་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ།

2025ལོའི་ཟླ་12ཚེས་16ཉིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཀྱི་ཧྭ་ཤར་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཅིག་སྡུད་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཏེ། གྲུ་ཁའི་ལས་དོན་ཁུལ་གྱི་ལྟེ་བའི་སྡུད་ཐོར་དབོར་འདྲེན་འགྲོ་ལམ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་སྐྲུན་བཞིན་ཡོད་ཅིང་། རྣམ་གྲངས་དེ་ཧྭ་ཤར་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གཅིག་སྡུད་ལྟེ་གནས་ཀྱི་ལྷན་སྦྱར་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བསྐྲུན་ཟིན་རྗེས་ཧྭ་ཏུང་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁ་དེ་ཉིད་ཧྭ་ཤར་ས་ཁོངས་ཀྱི་འབོར་ཆེའི་དངོས་ཟོག་བསྡུ་འགྲེམས་དང་། ཉོ་ཚོང་། རྩིས་སྤྲོད་རྩིས་ལེན་བཅས་བྱེད་པའི་ལྟེ་བ་གལ་ཆེན་ཞིག་ཏུ་འགྱུར་བར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།