དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འགན་འཁུར་བས་བརྗོད་དོན།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་ལས་གཉེར་ནི་ཀྲུང་གོར་མ་འཇོག་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲེང་ཏ་ཚོགས་པའི་ཞིང་འབྲོག་བཟའ་བཅའི་ཁེ་ལས་ཀྲུང་གོའི་ས་ཁོངས་ཀྱི་བསླབ་རྒན་ཏུང་ཧྲི་ཀྲང་གཞོན་པ་ཞུའེ་ཙེང་དབྱི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས་17ཉིན་བཏོན་པའི“ཀྲུང་གོའི་དཔལ་འབྱོར་གྱི་གྲལ་སྒོར་གྲོས་ཚོགས”ཀུན་འདུས་སྨྱན་སྦྱོར་གྱི་འདྲི་གླེང་ལེ་ཚན་ཆེ་གྲས་ནང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་ལས་གཉེར་གྱིས། དེ་བས་སྒོ་དབྱེའི་ཉོ་ཚོང་ཁོར་ཡུག་དང་དེ་བས་ནུས་ཆེའི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱ་རྒྱུ་ཡིན་པས། དེ་ནི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་པའི་གོ་སྐབས་གལ་ཆེན་ཞིག་རེད་ཅེས་བརྗོད།

    ཞུའེ་ཙེང་དབྱི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲེང་ཏ་ཚོགས་པས་1988ལོར་ཧའེ་ནན་ཞིང་ཆེན་འཛུགས་སྐབས་དེ་གར་འོང་ནས་མ་འཇོག་འཕེལ་རྒྱས་ཡོང་ཐབས་བྱས་ཡོད། ད་ཆ་ས་གནས་དེའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་20ཟིན་པ་དང་2024ལོར་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་6ཟིན་ཡོད་པ་རེད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་ལས་གཉེར་བྱེད་འགོ་ཚུགས་ཚུན་ཁེ་ལས་ལ་སྲིད་ཇུས་ཀྱི་ཁེ་འབབ་མང་པོ་ལོངས་སུ་སྤྱོད་ཐུབ་ནས་ཁེ་ལས་ཀྱིས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང་གོའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    ཁོང་གིས་ཧའེ་ནན་གྱི་ཀོག་ཧྥེ་ལས་སྒོར་ཆ་བཞག་ན། རང་མོས་ཚོང་དོན་གྲུ་ཁའི་མ་བཅོས་རྒྱུ་ཆ་དང་རྒྱུ་ཆ་ཕལ་པའི“སྒོ་ཁྲལ་མེད་པའི”སྲིད་ཇུས་བརྒྱུད། རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ལྟེ་བའི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤེལ་བ་དང་། ཁེ་ལས་ཀྱིས་ཀོག་ཧྥེའི་སྲན་མ་ནང་འདྲེན་ལྷུ་ཚིགས་སྒོ་ཁྲལ་གྱི་8%དང་གནས་ཐང་འཕར་ཁྲལ་13%ཆག་ཡང་དང་རྩ་ཆག་བཏང་བས་མ་བཅོས་རྒྱུ་ཆའི་མ་གནས་མངོན་གསལ་དོད་པོས་དམའ་རུ་སོང་ཡོད་ཅེས་བརྗོད།

    “ལས་སྣོན་རིན་འཕར་བྱུང་ནས་ས་ཁུལ་དེ་གའི་ཁྲོམ་རར་འཚོང་སྐབས་སྒོ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱིས་ཁེ་ལས་ལ་ཕན་པ་གལ་ཆེན་བསྐྲུན་ཡོད” ཞུའེ་ཙེང་དབྱི་ཡིས་དཔེར་ན་ཕྱི་རྒྱལ་ནས་ཉོས་པའི་ཀོག་ཧྥེའི་སྲན་མ་གལ་ཏེ་ཧའེ་ནན་དུ་ལས་སྣོན་འཕར་ཐང་30%ཟིན་པའམ་ཡང་ན་དེ་ལས་བརྒལ་ཚེ་གླིང་ཕྲན་ནས་སྐམ་ས་ཆེན་པོར་བཙོངས་ན་ནང་འདྲེན་སྒོ་ཁྲལ་རྩ་ཆག་གཏོང་རྒྱུ་རེད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།