ཅང་སུའུ་ཝུའུ་ཤིས་སུ་ཕྱི་རྒྱལ་བའི་མཛའ་གྲོགས་ཀྱི་དགུན་དུས་ཁྲོམ་ཚོགས་འགོ་ཚུགས་པ།

2025ལོའི་ཟླ་12ཚེས་14ཉིན། “རྒྱལ་སྤྱིའི་ཉམས་འགྱུར”བརྗོད་དོན་གཙོ་བོར་བྱས་པའི་ཕྱི་རྒྱལ་བའི་མཛའ་གྲོགས་ཀྱི་དགུན་དུས་ཁྲོམ་ཚོགས་ཅང་སུའུ་ཝུའུ་ཤིས་ཁྲུང་ཨན་དགོན་པའི་ཨེར་ཆོན་ཐང་ཆེན་དུ་གཉེར་འགོ་ཚུགས་པ་དང་། ཁྲོམ་ཚོགས་སུ་ཕྱི་རྒྱལ་གྱི་རིག་གནས་བསམ་བཀོད་ལག་ཤེས་ཐོན་རྫས་ཀྱི་ཁྲོམ་བཀྱག་དང་། སྤྱི་ཕན“གྱོན་ཆས་འཁོར་རྒྱུག”བྱེད་སྒོ། ཁྱད་ལྡན་ཞབས་བྲོའི་འཁྲབ་སྟོན། ཕྱི་རྒྱལ་གྱི་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་བཅས་ལས་སྣ་མང་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་ཞིག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ནི“རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་ཝུའུ་ཤིས་སུ་ཡོད”ཅེས་པའི་དགུན་དུས་ཁྲོམ་ཚོགས་སྐབས་བདུན་པ་ཡིན་ཞིང་། ལོ་7རིང་། བྱེད་སྒོ་དེས་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་དགེ་ལས་དེ་བས་མང་བ་འདུས་ཏེ་ཝུའུ་ཤིས་གྲོང་ཁྱེར་གྱི་སྤུས་རྟགས་རྒྱལ་སྤྱིའི་བྱེད་སྒོར་རིམ་བཞིན་གྱུར་ཡོད། འདི་ནི་ཟླ་12ཚེས་14ཉིན། ཡུལ་སྐོར་བས་ཕྱི་རྒྱལ་བའི་མཛའ་གྲོགས་ཀྱི་དགུན་དུས་ཁྲོམ་ཚོགས་ཐོག་ཡེ་ཤུའི་འཁྲུངས་སྐར་རྟེན་འབྲེལ་གྱི་རྒྱན་ཆས་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།