དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་བར་རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་42.8སྐྱེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-19

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་42.8སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་6.6%འཕར་ཏེ། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

    འགྲུལ་སྐྱེལ་ནུས་པ་ཁྲོམ་རའི་དགོས་མཁོ་དང་མཐུན་པར་བྱས་ཏེ་འགྲུལ་པ་བདེ་འཇགས་དང་སྟབས་བདེའི་སྒོ་ནས་ཕྱོགས་ལ་ཐོན་པར་འགན་སྲུང་བྱས་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ལྕགས་ལམ་ནས་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་མེ་འཁོར་ཐེངས་11258བཏང་བ་དེ་དུས་མཚུངས་ལས་7.1%འཕར་ཡོད། ས་གནས་ཁག་གི་རིག་གནས་ཡུལ་སྐོར་གྱི་གླེང་ཆར་འབྲེལ་མཐུད་ཀྱིས། འགྲན་བསྡུར་དང་། འགྲེམས་ཚོགས། འཁྲབ་སྟོན་སོགས་ཀྱི་བྱེད་སྒོའི་བཀོད་སྒྲིག་ལ་དོ་ཁུར་ཟབ་མོ་བྱས་ཏེ། མངག་བཀོད་རྣམ་པའི་སྒོ་ནས“གླུ་གཞས་དབྱིངས་པའི་ཆེད་གཏོང་མེ་འཁོར”དང་། “སྤོ་ལོ་དབྱིངས་པའི་ཆེད་གཏོང་མེ་འཁོར” “ཞིབ་སློབ་ཆེད་གཏོང་མེ་འཁོར”སོགས་བཏང་སྟེ། ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།