དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་གཞིའི་གཙོ་རྒྱུའི་རིག་ཚན་ཆེད་ལས་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་བསམ་འཆར་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-19

    ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་གྲངས་གཞི་ཅུས་སོགས་སྡེ་ཚན་ཁག་ལྔས་མཉམ་དུ《གྲངས་གཞིའི་གཙོ་རྒྱུའི་རིག་ཚན་ཆེད་ལས་འཛུགས་སྐྱོང་དང་གྲངས་འཛིན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་གྲངས་གཞིའི་ཁྱབ་ཁོངས་ཀྱི་ཚན་རྩལ་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོས་སྣེ་འདྲེན་བྱེད་པའི་རིག་ཚན་ཆེད་ལས་བཀོད་སྒྲིག་དང་ལེགས་སྒྲིག་གི་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གཏོད་ཆེད་རེད། གྲངས་འཛིན་ཤེས་ལྡན་པ་ཁ་ཐང་བའི་དཀའ་གནད་ཐག་གཅོད་བྱེད་པར་དམིགས་ནས། བསམ་འཆར་ནང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱིས་སྣེ་འདྲེན་བྱས་ནས་གྲངས་གཞིའི་གཙོ་རྒྱུའི་རིག་ཚན་ཆེད་ལས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་གྲངས་གཞིའི་ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བ། རྩ་འཛུགས་ཡོད་པའི་ཚན་ཞིབ་འདེགས་སྐྱོར་དུ་བྱས་ནས་གྲངས་གཞིའི་ཁྱབ་ཁོངས་ཀྱི་རིག་གཞུང་ཞིབ་འཇུག་དར་རྒྱས་གཏོང་བ། ཉེར་སྤྱོད་རྣམ་པ་གཞི་རྟེན་དུ་བྱས་ནས་ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།