དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་བརྡ་ཐོ་བཀྲམ་ནས།

    འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-19

    ཉེ་ཆར། ཚོང་དོན་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་དུ《ཚོང་དོན་དང་དངུལ་རྩའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཆེར་སྤེལ་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ས་གནས་ཀྱི་ཚོང་དོན་གཙོ་གཉེར་སྡེ་ཚན་དང་ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་སྒྲིག་གཞི། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ལྟ་འདོམས་ཅུས་ཁག་དང་དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་སྐུལ་སྤེལ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ལས་ཀའི་མཉམ་ཤུགས་དེ་བས་ཆེ་བ་ཆགས་པར་མཛུབ་ཁྲིད་བྱེད་དགོས་པ་བསྟན་ཡོད།

    བརྡ་ཐོའི་ནང་། ཚོང་ཟོག་འཛད་སྤྱོད་དང་། ཞབས་ཞུའི་འཛད་སྤྱོད། འཛད་སྤྱོད་གསར་པ། འཛད་སྤྱོད་བྱེད་ཡུལ། འཛད་སྤྱོད་བྱེད་རོགས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་། ལམ་སྲོལ་ཡག་པོ་འཛུགས་པ་དང་། དོན་འཁྱོལ་ལ་དམ་འཛིན། མཉམ་ཤུགས་ཆགས་པར་སྐུལ་འདེད་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་ཕྱོགས་གསུམ་ཐད་སྲིད་ཇུས་ཀྱི་བྱ་ཐབས་ཁག་11བཏོན་ཡོད།

    གཅིག་ནས་ཁོངས་གཏོགས་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་དགོས་ཤིང་། ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་མཛུབ་ཁྲིད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རྒྱབ་སྐྱོར་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ནོར་སྲིད་དང་། ཚོང་དོན། དངུལ་རྩའི་སྲིད་ཇུས་བཅས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྣམ་པ་འབྲེལ་མཐུད་དང་སྐྱེ་ཁམས་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ། འཛད་སྤྱོད་ཁྱབ་ཁོངས་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བ། ཚོང་ཟོག་འཛད་སྤྱོད་རིམ་སྤོར་ལ་རོགས་རམ་དང་། ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ། འཛད་སྤྱོད་གསར་པ་སྐྱེད་སྲིང་། སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་གསར་གཏོད་བཅས་ལ་རམ་འདེགས་བྱས་ནས་འཛད་སྤྱོད་བྱེད་རོགས་བྱེད་དགོས། གསུམ་ནས་འབྲེལ་མཐུད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་སྒོ་མཉམ་དུ་སྤེལ་བ་དང་། རྣམ་པ་སྣ་ཚོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་དང་ཁྱབ་གདལ་ཡག་པོ་གཏོང་བ་བཅས་ལ་ལྕག་སྐུལ་བཏང་སྟེ། ཚོང་གཉེར་བྱེད་པོ་དང་འཛད་སྤྱོད་པའི་ཐོབ་སྣང་ཆེ་རུ་བཏང་ནས། སྲིད་ཇུས་ཀྱི་བྱ་ཐབས་ཁག་ལག་ལེན་བསྟར་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།